རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཅང་ཙེ་མིན་གྱི་དགའ་མར་ཞིབ་བཤེར།

རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་ཨུ་ཡོན་མགོ་གཙོ་ཧོང་ལི་མིན་ལ་ཞིབ་བཤེར་གྱི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ། ཁོ་མོ་སྲིད་འཛིན་ཟུར་པ་ཅང་གི་དགའ་མ་ཡིན་པ་དང་ཞིབ་བཤེར་དེ་ནི་ཅང་ལ་དམིགས་ཡོད་སྐོར་གླེང་སློང་བྱུང་ཡོད།
ཟླ་སྔོན་མའི་ནང་ཧོང་ཀོང་གི་གསར་ལམ་ཁག་ཏུ། རྒྱ་ནག་དབུས་སྒྲིག་ཁྲིམས་
ཞིབ་བཤེར་ལྷན་ཁང་གིས། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཨུ་ཡོན་འགན་འཛིན་ཟུར་བ་ཧོང་ལི་མན་ (Huang liman)ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལཡོད་པ་དང་། རྒྱ་ནག་ཝེ་པའོ་དྲ་བའི་སྟེང་ཧོང་ལི་མན་གྱི་སྐོར་གླེང་སློང་ཆེན་པོ་བྱུང་ཡོད་ཀྱང་། རྒྱ་ནག་ནང་ཁུལ་གྱི་བརྒྱུད་ལམ་ཁག་ཏུ་མོའི་སྐོར་གྱི་གནས་ཚུལ་ཉུང་ངུལས་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག
རྒྱ་ནག་ཕྱིའི་དཔྱད་བརྗོད་པ་ཚོས། ཧོང་ལི་མན་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་ཟུར་བསྟན་དགའ་མ་ཡིན་པ་དང་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་ཡོད་པ། ད་རེབ་རྒྱ་གཞུང་གིས་ཁོ་མོཞིབ་བཤེར་བྱས་པ་དེ་ནི་ཅང་ཙི་མིན་ལ་དམིགས་ཡོད་སྐོར་སོགས་བརྗོད་ཡོདཀྱང་ ཧོང་ལི་མན་ནི་རྒྱ་ནག་སྲིད་གྲོས་ཨུ་ཡོན་ཡིན་སྟབས།ཉིན་འདི་འགར་ཚོགས་བཞིན་པའི་རྒྱ་ནག་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པའི་སྟེངཁོ་མོ་བཞུགས་ཡོད་སྟབས། ཁ་སང་ཧོང་ཀོང་གི་ “མིན་པའོ་” ཞེས་པའི་གསར་ཁང་གིས། ཧོང་ལི་མན་གྱིས་ཚོགས་འདུའི་བར་གསེང་ཞིག་ཏུ་དུས་ཡུན་ཐུང་ངུའི་རིང་ངེད་གསར་ཁང་གི་བཅའ་འདྲི་དང་ལེན་བྱེད་རྒྱུ་ཁས་ལེན་བྱས་རྗེས་སུ་དུས་ཚོད་སྤྲད་མ་སོང་ཞེས་འཁོད་འདུག
དེ་རིང་ ཏཱ་ཅི་ཡོན་དྲ་བས་ཧོང་ཀོང་བརྒྱུད་ལམ་གྱི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། ཧོང་ལི་མན་སྔོན་ཆད་ཧྲིན་ཀྲིན་གྲོང་ཁྱེར་ཨུ་ཡོན་འགན་འཛིན་ཡིན་སྐབསམོས་བྱ་བ་ཡོད་ཚད་དངུལ་གྱི་དབང་བསྒྱུར་བྱས་ཡོད་པ་དང་། སྐབས་དེར་མོས་ཉུང་མཐར་རྒྱ་སྒོར་དུང་ཕྱིར་ ༥༠༠ ལྷག་ཉར་ཚགབྱས་ཡོདསྐོར།རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་སྐབསམོཟླ་བ་རེཟུར་ཕོགས་དང་ཁེ་ཕན་རྒྱ་སྒོར་ཁྲི་ ༢༥་ ནས་ ༣༠ བར་གྱི་ཡོང་འབབ་ཡོད་པ་དང་ མོསྒེར་གྱི་སྐུ་མགྲོན་ཚོ་གླིང་ཕྲན་ལྔའི་མགྲོན་ཁང་ཡག་ཤོས་དག་ཏུ་སྣེ་ལེན་བྱེད་པའི་འགྲོ་སོང་ཟླ་གཅིག་ལ་རྒྱ་སྒོར་ཁྲི་ ༡༥ ནས་ ༢༠ བར་ཡིན་སྐོར་སོགས་བརྗོད་འདུག
ཧོང་ལི་མན་དང་ཅང་ཙེ་མིན་གྱི་ཐོག་མའི་འབྲེལ་བ་བྱུང་སྟངས་ནི། ཅང་ཙེ་མིན་ལོ་རབས་བརྒྱད་ཅུའི་ནང་གློག་རྡུལ་བཟོ་རིགས་ལས་ཁུངས་ཀྱི་འགན་འཛིན་ཡིན་སྐབསཧོང་ལི་མན་གྱིས་ཁོའི་གཞུང་སྒྲུབ་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ལོ་རབས་དགུའི་བཅུའི་ནང་ཅང་ཙེ་མིན་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས།ཧོང་ལི་མན་གྱིས་ཧྲིན་ཀྲིན་གྲོང་ཁྱེར་ཨུ་ཡོན་མགོ་གཙོ་གཞོན་འི་འགན་འཁུར་ཡོད་འདུག སྐབས་དེར་ཅང་ཙེ་མིན་ཧྲིན་ཀྲིན་ལ་སྐོར་སྐྱོད་བྱས་ཏེ་ཧོང་ལི་མན་ལ་བསྟོད་བསྔགས་མང་པོ་བཏང་ཡོད་སྟབས། ཧྲིན་ཀྲིན་གྱི་དཔོན་རིགས་ཚོས་ཧོང་ལི་མན་ལ་དོ་སྣང་བྱུང་སྟེ། རྗེས་སུ་ཧོང་ལི་མན་ཧྲིན་ཀྲིན་གྲོང་ཁྱེར་མགོ་གཙོ་དང་གྲོང་ཁྱེར་ཨུ་ཡོན་གཞུང་སྒྲུབ་ཁང་གི་འགན་འཛིན་དུ་བསྐོས་ཡོད་འདུག
༡༩༩༥ ལོར་ཧོང་ལི་མན་ཧྲིན་ཀྲིན་གྲོང་ཁྱེར་ཨུ་ཡོན་མགོ་གཙོ་གཞོན་པ་ཡིན་པ་དང་ ༡༩༩༨ ལོར་ཅང་ཙེ་མིན་གྱིས་འདོད་པ་ལྟར་ལི་ཁྲང་ཁྲོན་གྱིས་ཀོང་ཏོན་ཞིང་ཆེན་ཨུ་ཡོན་མགོ་གཙོའི་གོ་གནས་བཟུང་བ་དང་། ཧོང་ལི་མན་གྱིས་ཀོང་ཏོན་ཞིང་ཆེན་མགོ་གཙོ་གཞོན་པའི་གོ་གནས་བཟུང་ཡོད་འདུག ༢༠༠༡ ལོའི་ལོ་མཇུག་ལ་ཅང་ཙེ་མིན་དང་ཚུན་ཆིན་ཧོན་གཉིས་ཀྱིས་རོགས་སྐྱོར་འོག་ཧོང་ལི་མན་གྱི་གོ་གནས་འཕར་ཏེ། ཀོང་ཏོན་ཞིང་ཆེན་གྱི་མགོ་གཙོ་དང་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཨུ་ཡོན་མགོ་གཙོ་རུ་བསྐོས་ཡོད་འདུག
 དུས་བབ་དྲ་བ་ནས།།