རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དབུལ་སྐྱོར་སློབ་མས་བྲིས་པའི་འཕྲིན་ཡིག་ཡིད་འགུལ་མ།

༄༅། །པད་དཀར་ཚོགས་པ་ནི་ཞིང་ཆེན་གསུམ་གྱི་ལྷག་བསམ་ཅན་གང་མང་ཞིག་གིས་གྲུབ་པ་ཡིན་ལ་ཁ་གཏད་ཡུལ་བོད་ཁུལ་གྱི་དབུལ་ཁྱིམ་སློབ་མའི་འཚོ་བའི་ཁ་གསབ་ལ་རོགས་སྐྱོར་བྱེད་བཞིན་པའི་ཚོགས་པ་ཞིག་རེད།  མིག་སྔར་ཚོགས་པ་འདིར་ཚོགས་མི་བརྒྱ་ལྷག་གིས་གྲུབ་ཅིང་རེ་རེ་ནས་མང་དུ་དོགས་པས་མིང་མ་སྨྲོས་ཤིང་དབུལ་སྐྱོར་སློབ་མ་རྣམས་ལ་འཚོ་བའི་ཁ་གསབ་རེ་ཁོ་ཚོའི་ལག་ཏུ་འབྱོར་འཕྲལ་བཀའ་དྲིན་མཚོན་པའི་
འཕྲིན་ཡིག་འདི་དག་པད་དཀར་ཚོགས་པར་སྦྲིངས་པ་གཤམ་དུ་བཀོད་ཡོད།
     ངའི་མིང་ལ་རྣམ་རྒྱལ་དབང་མོ་ཟེར། སྤྱི་ལོ་༢༠༠༢༢༠༡༠ལོའི་བར་ལ་སྐུ་མཁར་
སེང་འབྲུག་སྟག་རྩེ་ནས་ལོ་དགུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་གཉིས་ཀ་བཏོན་པ་ཡིན།
    དེ་ནས་༢༠༡༡ནས་༢༠༡༣གྱི་རིང་ལ་ཁྲི་ཀ་རྫོང་མི་རིགས་མཐོ་འབྲིང་གཉིས་པ་ནས་མཐོ་འབྲིང་བཏོན་པ་ཡིན།
༢༠༡༣ ལོར་རང་ཉིད་ཀྱིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ནས་ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་དངོས་ཚན་འདོན་བཞིན་ཡོད། ཁྱེད་པད་དཀར་ཚོགས་པས་ང་ལ་གནང་བའི་དམངས་སྒོར་སྟོང་ཕྲག་བཞི་༤༠༠༠ངའི་ལག་ཏུ་ འབྱོར་བ་ཡིན་ལགས། བདག་གིས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། སླད་ཀྱང་། བདག་གི་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་ ལ་བྱམས་བརྩེའི་ཐུགས་འོག་ནས་མི་འདོར་བར་མཁྱེན་མཁྱེན་ལགས། 
བོད་རབ་གནས་ཤིང་རྟ་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་སློབ་བུ་རྣམ་རྒྱལ་དབང་མོ་ནས།
       ངའི་མིང་ལ་དཀོན་མཆོག་ཉི་མ་ཟེར་ཞིང་།  སྤྱི་ལོ་༡༩༩༦ལོའི་ཟླ་༧པའི་ཚེས་༡༦ཉིན་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཡུལ་ཚོའི་རུ་ཆེན་དང་བོའི་རུ་ཆུང་དང་བོར་སྐྱེས་པའི་བུ་ཕྲུག་ཅིག་ཡིན།
    སྤྱི་ལོ་༢༠༠༢ནས་༢༠༡༡ལོའི་བར་སེང་འབྲུག་སློབ་གྲྭ་ནས་ལོ་ངོ་དགུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་གཉིས་ཀ་བཏོན་པ་ཡིན།  ད་ལྟ་མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་ལག་རྩལ་སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད། 
ཁྱེད་པད་དཀར་ཚོགས་པས་ང་ལ་གནངས་པའི་དམངས་སྒོར་སྟོང་ཕྲག་བཞི་༤༠༠༠བདག་གི་ལག་ཏུ་འབྱོར་བ་ཡིན་ལགས།     རོགས་མེད་བདག་ལ་ཐུགས་རྗེས་བྱམས་ཀྱིས་སྐྱོང་བའི་ཁྱེད་པད་དཀར་ཚོགས་པར་ཐལ་མོ་སྙིང་གར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  སླད་ཀྱང་བདག་གི་ཁྱིམ་ཚང་གི་འབྱོར་བ་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་ཉིད་ཐུགས་འོག་ནས་མི་འདོར་བར་མཁྱེན་མཁྱེན་ལགས།
༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༧ཉིན་བྲིས།
 
     ངའི་མིང་ལ་ཀུན་བཀྲ་ཟེར་ཞིང་། སྤྱི་ལོ་༡༩༨༩ལོའི་ཟླ་༡༠པའི་ཚེས་༢༠ཉིན་མགོ་ལོག་ཁུལ་པདྨ་རྫོང་སྟག་མཁར་ཡུལ་ ཚོའི་རྡོ་རྙིང་འབྲོག་ཨུ་ཁང་རུ་ཁག་གཉིས་པའི་འབྲོག་ཕྲུག་ཅིག་ཡིན།
     སྤྱི་ལོ་༢༠༠༢ནས་༢༠༡༠ལོའི་བར་ལ་རྨ་ཡུལ་སེང་འབྲུག་སློབ་གྲྭ་ནས་ལོ་ངོ་དགུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་གི་སློབ་རིམ་མཐར་ཕྱིན་པ་དང་།  སྤྱི་ལོ་༢༠༡༠ནས་༢༠༡༣ལོའི་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དུ་མཐོ་འབྲིང་ལ་ཞུགས།  ད་ལྟ་པེ་ཅིང་ཚོང་ལས་སློབ་ཆེན་ན་སློབ་གཉེར་བྱེད་བཞིན་ཡོད་ལ།  ཁྱེད་པད་དཀར་ཚོགས་པས་ཕྲན་ལ་གནང་བའི་དམངས་སྒོར་༤༠༠༠བདག་གི་ལག་ཏུ་འབྱོར་བ་ལགས།  རོགས་མེད་བདག་ལ་ཐུགས་རྗེས་བྱམས་སྐྱོང་གནང་བར་ཁྱེད་པད་དཀར་ཚོགས་པར་ཐལ་མོ་སྙིང་ཀར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། སླད་ཀྱང་བདག་གི་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་དང་བདག་ལྟ་བུ་ཐུགས་འོག་ནས་མི་འདོར་བར་མཁྱེན་མཁྱེན།
༢༠༡༥ལོའི་ཟླ༢པའི་ཚེས་༡༧ཉིན
 
       ངའི་མིང་ལ་འོད་གསལ་ཉི་མ་ཟེར་ཞིང་།  སྤྱི་ ལོ་༡༩༩༧ལོའི་ཟླ་༥པའི་ཚེས་༢༨ཉིན་མགོ་ལོག་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་དར་ལུང་འབྲོག་ཨུ་ཡོན་སྡེ་བ་རུ་སྐྱེས་པའི་འབྲོག་ཕྲུག་ཅིག་ཡིན།
      སྤྱི་ལོ་༢༠༠༥ནས་༢༠༡༤ལོར་བར་ལ་སེང་འབྲུག་སློབ་གྲྭ་ནས་ལོ་ངོ་དགུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་གཉིས་ཀ་བཏོན་པ་ཡིན།   ད་ལྟ་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད།  ཁྱེད་པད་དཀར་ཚོགས་པས་ང་ལ་གནངས་པའི་དམངས་སྒོར་སྟོང་ཕྲག་བཞི་༤༠༠༠བདག་གི་ལག་ཏུ་འབྱོར་བ་ཡིན་ལགས།  རོགས་མེད་བདག་ལ་ཐུགས་རྗེས་བྱམས་ཀྱིས་སྐྱོང་བའི་ཁྱེད་པད་དཀར་ཚོགས་པར་ཐལ་མོ་སྙིང་གར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  སླད་ཀྱང་བདག་གི་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་ཉིད་ཐུགས་འོག་ནས་མི་འདོར་བར་མཁྱེན་མཁྱེན་ལགས།
 
      ངའི་མིང་ལ་བདེ་ལེགས་རབ་བསྟན་ཟེར་ཞིང་།  སྤྱི་ལོ་༡༩༩༥ལོའི་ཟླ་༦པའི་ཚེས་༢ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོའི་རུ་ཆེན་གཉིས་པསི་རུ་ཆུང་གཉིས་པར་སྐྱེས་པའི་བུ་ཕྲུག་ཅིག་ཡིན།
      སྤྱི་ལོ་༢༠༠༢ནས་༢༠༡༠ལོའི་བར་ལ་སེང་འབྲུག་སློབ་གྲྭ་ནས་ལོ་ངོ་དགུའི་རིང་ལ་སློབ་ཆུང་དང་དམའ་འབྲིང་གཉིས་ཀ་བཏོན་པ་ཡིན། དེ་ནས་སྤྱི་ལོ་༢༠༡༠ནས་༢༠༡༣ལོའི་བར་ལྷ་ས་རུ་སློབ་འབྲིང་སློབ་གཉེར་བྱས་པ་ཡིན།  ད་ལྟ་པེ་ཅིང་ཆེད་སྦྱོང་ཚོང་ལས་སློབ་ཆེན་ན་སློབ་གཉེར་བྱེད་བཞིན་ཡོད།
     ཁྱེད་པད་དཀར་ཚོགས་པས་ང་ལ་གནངས་པའི་དམངས་སྒོར་སྟོང་ཕྲག་བཞི༤༠༠༠བདག་གི་ལག་ཏུ་འབྱོར་བ་ལགས།  རོགས་མེད་བདག་ལ་ཐུགས་རྗེས་བྱམས་ཀྱིས་སྐྱོང་བའི་ཁྱེད་པད་དཀར་ཚོགས་པར་ཐལ་མོ་སྙིང་གར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  སླད་ཀྱང་བདག་གི་ཁྱིམ་གི་འབྱོར་བ་ཧ་ཅང་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་ཉིད་ཐུགས་འོག་ནས་མི་འདོར་བར་མཁྱེན་མཁྱེན་ལགས།
༢༠༡༥ལོའི་ཟླ་༢པའི་ཚེས་༡༧ཉིན་བྲིས།
 
      ངའི་མིང་ལ་བགེགས་འཇོམ་རྡོ་རྗེ་ཟེར།  མགོ་ལོག་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་དར་ལུང་འབྲོག་ཨུ་ཁང་གི་མི་ཡིན།
      སྤྱི་ལོ་༢༠༠༤ནས་༢༠༡༡ལོའི་བར་རྨ་ཡུལ་སེང་འབྲུག་སྟག་རྩེའི་སློབ་གླིང་ནས་སློབ་ཆུང་དང་དམའ་འབྲིང་སློབ་མཐར་ཕྱིན།  ༢༠༡༡ནས་༢༠༡༤ལོའི་བར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་ནས་མཐོ་འབྲིང་མཐར་ཕྱིན།  ད་ལྟ་མཚོ་སྔོན་འཛུགས་སྐྲུན་སློབ་ཆེན་དུ་སློབ་སྦྱོང་བྱེད་མུས་སུ་ཡོད།
     ཁྱེད་པད་དཀར་ཚོགས་པའི་ལྷག་བསམ་གྱི་ཕྱག་ཟུང་མཉེན་མོས་བདག་ལ་སློབ་དངུལ་ཁ་གསབ་ཏུ་སྒོར་༤༠༠༠གནང་བ་དག་གི་ལག་ཏུ་འབྱོར་བ་མ་ཟད་འདི་ནས་བདག་གིས་བཀའ་དྲིན་རབ་ཏུ་ཆེ་ཞུ་བ་ཡིན།  རྗེས་སོར་ཡང་བདག་ལ་སློབ་དངུལ་ཁ་གསབ་རེ་གནང་བར་ཐུགས་རྗེ་མ་ཆུང་ཞུ་ཞུ།
༢༠༡༥ལོའིཟླ་༢པའི་ཚེས་༢༠ཉིན།
 
      ངའི་མིང་ལ་དགེ་བཟང་ཉི་མ་ཟེར་ཞིང་།  སྤྱི་ལོ་༡༩༩༩ལོའི་ཟླ་༣པའི་ཚེས་༧ཉིན་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཞོལ་ཡུལ་ཚོའི་རུ་ཆེན་དང་བོའི་རུ་ཆུང་དང་བོར་སྐྱེས་པའི་བུ་ཕྲུག་ཅིག་ཡིན།
     སྤྱི་ལོ་༢༠༠༥ནས་༢༠༡༤ལོའི་བར་ལ་སེང་འབྲུག་སློབ་གྲྭ་ནས་ལོ་ངོ་དགུའི་རིང་སློབ་ཆུང་དང་དམའ་འབྲིང་གཉིས་ཀ་བཏོན་པ་ཡིན།  ད་ལྟ་མགོ་ལོག་ཁུལ་དར་རྒྱས་གསོ་རིག་སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད།  ཁྱེད་པད་དཀར་ཚོགས་པས་ང་ལ་གནང་བའི་དམངས་སྒོར་སྟོང་ཕྲག་བཞི་༤༠༠༠བདག་གི་ལག་ཏུ་འབྱོར་བ་ལགས།  རོགས་མེད་བདག་ལ་ཐུགས་རྗེས་བྱམས་ཀྱིས་སྐྱོང་བའི་ཁྱེད་པད་དཀར་ཚོགས་པར་ཐལ་མོ་སྙིང་གར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  སླད་ཀྱང་བདག་གི་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པས་ཁྱེད་པད་དཀར་ཚོགས་པས་མུ་མཐུད་དུ་བདག་ཉིད་ཐུགས་འོག་ནས་མི་འདོར་བ་མཁྱེན་མཁྱེན་ལགས།
༢༠༡༥ལོའི་ཟླ་༢པའི་ཚེས་༡༧ཉིན་བྲིས།



     ༢༠༡༤ལོར་པད་དཀར་ཚོགས་པས་བོད་ ཀྱི་དབུལ་ཁྱིམ་སློབ་མ་འགར་རོགས་སྐྱོར་བྱས་ཏེ་སློབ་མའི་ལག་ཏུ་འབྱོར་འཕྲལ་པད་ དཀར་ཚོགས་པ་ལ་སྦྲིངས་པའི་འཕྲིན་ཡིག་སྐོར་ཞིག་སློབ་གྲོགས་ཚོའི་རེ་འདུན་བཞིན་ངེད་བཙན་པོའི་མགར་གྱི་དྲ་བར་བཀོད་དེ་ཁོ་ཚོས་ཚབ་བྱས་ནས་པད་དཀར་ཚོགས་པར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་པད་དཀར་ཚོགས་པའི་ཚོགས་མི་ཡོངས་ལ་ཁམས་བདེ་དང་ཅི་བསམ་ལྷུན་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ལགས།
བཙན་པོའི་མགར་གྱི་དྲ་བ་ནས།།