དབྱིན་
ཁ་ སང་ ཕྱི་ ཚེས་ ༡ ཉིན་ དབྱིན་ ཇིའི་ རྒྱལ་ སྲས་ ཝེ་ ལམ་ (Prince William)ལགས་
རྒྱ་ ནག་ ཞིན་ ཧྭ་ གསར་ ཁང་ དང་ བྷི་ བྷི་ སིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། མཇལ་ འཕྲད་ སྐབས་ ཞི་ ཅིན་ ཕིན་ གྱིས་ ད་ ལྟ་ དབྱིན་ ཇི་ དང་ རྒྱ་ ནག་ བར་ གྱི་ འབྲེལ་ བ་ ཡག་ པོ་ ཡོད་ པ་ མ་ ཟད། ཕྱོགས་ ཡོངས་ ནས་ ཐབས་ ཇུས་ འབྲེལ་ བ་ མགྱོགས་ མྱུར་ གྱིས་ གོང་ འཕེལ་ དུ་ འགྲོ་ བཞིན་ ཡོད་ ལ། རྒྱལ་ ཁབ་ གཉིས་ བར་ རྒྱ་ སྒོར་ དུང་ ཕྱུར་ ༨༠༠ ལྷག་ གི་ ཚོང་ ལས་ འབྲེལ་ བ་ བཞག་ ཡོད་ པ་ ལྟར། དབྱིན་ ཇི་ ནི་ རྒྱ་ ནག་ གི་ མ་ རྐང་ འཇོག་ སའི་ རྒྱལ་ ཁབ་ གཙོ་ བོ་ ཞིག་ ཡིན་ སྐོར་ དང་ ། དབྱིན་ ཇིའི་ རྒྱལ་ མོས་ མགྲོན་ འབོད་ གནང་ བ་ ལྟར་ འདི་ ལོར་ ཁོ་ བོ་ དབྱིན་ ཡུལ་ དུ་ ཕྱིན་ ཏེ། དབྱིན་ ཇིའི་ དབུ་ ཁྲིད་ ཚོ་ མཉམ་ དུ་ རྒྱལ་ ཁབ་ གཉིས་ བར་ གྱི་ མ་ འོངས་ འབྲེལ་ བ་ འཕེལ་ རྒྱས་ གཏོང་ ཕྱོགས་ ལ་ གྲོས་ མོལ་ བྱ་ འདོད་ ཡོད་ ལ། དབྱིན་ ཡུལ་ ཙམ་ མ་ ཟད་ འཛམ་ གླིང་ ཐོག་ ཤུགས་ རྐྱེན་ ཆེན་ པོ་ ཡོད་ པའི་ དབྱིན་ ཇི་ རྒྱལ་ པོའི་ ཁྱིམ་ བརྒྱུད་ ཀྱི་ སྐུ་ ཚབ་ རྒྱ་ ནག་ ནང་ མང་ དུ་ ཕེབས་ པར་ དགའ་ བསུ་ ཡོད་ སྐོར་ སོགས་ བརྗོད་ ཡོད་ འདུག
རྒྱལ་ སྲས་ ཝེ་ ལམ་ ལགས་ ཀྱིས་ ཉིན་ གྲངས་ ༣ རིང་ རྒྱ་ ནག་ པེ་ ཅིན་ གྲོང་ ཁྱེར་ གྱི་ གནའ་ མཁར་ དང་ ཧྲང་ ཧེ་ ཡི་ གློག་ བརྙན་ འགྲེམས་ སྟོན་ མཛད་ སྒོ། དེ་ བཞིན་ ཡུན་ ནན་ ཞིང་ ཆེན་ གྱི་ གླང་ ཆེན་ ར་ བ་ སོགས་ སུ་ གཟིགས་ སྐོར་ གྱིས་ གཏམ་ བཤད་ གནང་ འཆར་ ཡོད་ ཀྱང་ ། དབྱིན་ ཇིའི་ ཕྱི་ འབྲེལ་ ལྷན་ ཁང་ གིས་ ཐེངས་ འདིའི་ སྐོར་ སྐྱོད་ སྐབས། རྒྱལ་ སྲས་ ཀྱིས་ རྒྱ་ ནག་ གི་ མགོ་ ཁྲིད་ ཚོ་ དང་ ལྷན་ དུ་ ཆབ་ སྲིད་ དང་ འགྲོ་ བ་ མིའི་ ཐོབ་ ཐང་ སོགས་ ཚོར་ བ་ སྐྱེན་ པའི་ བརྗོད་ གཞི་ གླེང་ སློང་ བྱ་ འཆར་ མེད་ ལུགས་ བརྗོད་ ཡོད་ པ་ རེད།
ཕྱི་ ཟླ་ ༢ ཚེས་ ༢༧ ཉིན་ རྒྱལ་ སྲས་ ཝེ་ ལམ་ ལགས་ ཉི་ ཧོང་ ནང་ གཟིགས་ སྐོར་ དུ་ ཕེབས་ ཏེ། ཉི་ ཧོང་ གི་ སྲིད་ བློན་ ཤིན་ ཛོ་ ཨ་ བྷི་ དང་ ཉི་ ཧོང་ གི་ རྒྱལ་ པོ་ རྒྱལ་ མོ་ སོགས་ ལ་ མཇལ་ འཕྲད་ གནང་ ཡོད་ པ་ མ་ ཟད། ཉིན་ གྲངས་ ༤ རིང་ ཕྱི་ ལོ་ ༢༠༡༡ ལོར་ མཚོ་ སྐྱོམ་ གྱིས་ གོད་ ཆག་ ཆེན་ པོ་ ཕོག་ སའི་ ཧྥོ་ ཁོ་ ཞི་ མཱ་ (Fukushima)དང་ ། ཕྱི་ ལོ་ ༢༠༢༠ ལོའི་ ཨོ་ ལིན་ ཕིག་ རྩེད་ ར་ སོགས་ སུ་ གཟིགས་ སྐོར་ གནང་ གྲུབ་ རྗེས་ ཐད་ ཀར་ རྒྱ་ ནག་ ནང་ ཕེབས་ ཡོད་ འདུག
བརྒྱུད་ ལམ་ ཁག་ ནས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཐེངས་ འདིའི་ ཉི་ ཧོང་ ནང་ གི་ གཟིགས་ སྐོར་ དེ། ལོ་ ངོ་ ༣༠ རྗེས་ ཀྱི་ དབྱིན་ ཇིའི་ རྒྱལ་ ཚབ་ ཅིག་ ཉི་ ཧོང་ ནང་ ཕེབས་ པར་ ཉི་ ཧོང་ གཞུང་ མང་ ནས་ དགའ་ བསུ་ ཆེན་ པོ་ བྱས་ པ་ ཐོག་ མ་ དེ་ ཆགས་ ཡོད་ སྐོར་ རྗོད་ ཀྱི་ ཡོད་ པ་ མ་ ཟད། ཉི་ ཧོང་ གི་ གསར་ འགོད་ པ་ ཞིག་ གིས་ རྒྱལ་ སྲས་ ཝེ་ ལམ་ ལགས་ ཀྱི་ མི་ མང་ དཀྱུས་ མ་ ཞིག་ གི་ འདུ་ ཤེས་ འཛིན་ སྟངས་ དེས། ཉི་ ཧོང་ རྒྱལ་ བརྒྱུད་ ཚོས་ དུས་ རབས་ གསར་ པའི་ བསམ་ བློ་ དང་ ཕྱི་ ཕྱོགས་ སྒོ་ འབྱེད་ ལ་ གདོང་ གཏད་ དེ། མི་ མང་ དང་ བར་ ཐག་ ཉེ་ རུ་ གཏོང་ བར་ དམིགས་ དཔེ་ བསྟན་ ཡོད་ སྐོར་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
