རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།

DSC_0019༄༅།། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། བཀའ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་།
མཛད་གཙོ་རྣམ་པ། སྲི་ཞུ་བ། མི་མང་བཅས་དེ་རིང་འདིར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ཉེ་ཆར་བོད་ནང་རང་ལུས་མེར་སྲེག་བཏང་གནང་མཁན་གཉིས་བྱུང་བ་རེད། བཙུན་མ ་ཡེ་ཤེས་མཁའ་འགྲོ་རང་ལོ་བཞི་བཅུ་ཞེ་བདུན། ས་གནས་དཀར་མཛེས། རང་ལུས་མེར་སྲེག་བཏང་བའི་ཉིན་མོ་དེ་ཕྱི་ལོ ༢༠༡༥ ཟླ་བ་ ༤ ཚེས ༨ དང་། ཉེ་ཆར་གནས་སྐྱབས་ལགས། ས་གནས་རྔ་བ། ཚེས་གྲངས་དེ་པྱི་ལོ ༢༠༡༥ཟླ ༤ ཚེས་ ༡༦ བློ་ཕམ་པའི་གནས་ཚུལ་ཞིག་ལ་ཁོང་རྣམ་པ་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད། ད་ལྟའི་བར་རང་ལུས་མེར་སྲེག་གནང་མཁན་ ༡༣༨ བྱུང་བའི་ནང་ནས་འདས་གྲོངས་སུ་སོང་བ་ ༡༡༩ བྱུང་ཡོད། ལོ་དེའི་ནང་རང་ལུས་མེར་སྲེག་གནང་མཁན་གསུམ་བྱུང་ཡོད། དེ་འདྲ་སོང་ཙང་ད་ལྟ་འདིར་འཛོམས་པའི་ཐོག ཐུགས་སྨོན་ཡག་པོ་གནང་རོགས་གནང་། ཁོང་རྣམ་པའི་ནང་མི། སྤུན་མཆེད། དོན་གྱི་བདག་པོ་བོད་ནང་གི་བོད་མི་ཚོས་སྐུ་ལས་སྐྱོན་མཁན་ཁོང་རྣམ་པ་ཡིན་དུས་དེར་དུས་རྟག་ཏུ་ང་ཚོས་ཡིད་ལ་བཞགས་པའི་ཐོག་ནས་ཁོང་རྣམ་པའི་ཆེད་དུ་ཐུགས་སྨོན་གནང་རྒྱུ་དང་།
དེ་བཞིན་རྩ་དོན་གྲུབ་པའི་ཆེད་དུ་འགན་ཁུར་གལ་ཆེ་བ་དེ་ང་ཚོར་ཡོད་དུས། མུ་མཐུད་ནས་འབད་བརྩོན་གནང་དགོས་པ་རེད་ཅེས་ཞུ་རྒྱུ་དང་། ཉེ་ཆར་རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་གཅིག་བཏོན་འདུག དེའི་ནང་གཞི་རྩའི་ལེའུ་ལྔ་ཡོད། དང་པོ་ལོ་རྒྱུས། གཉིས་པ་དེ་བོད་ནང་འཛུགས་བསྐྲུན་བྱས་སྐོར། གསུམ་པ་བོད་པའི་ལས་འགུལ་ཞི་བ་ཡིན་དང་མིན། བཞི་པ་དེ་དབུ་མའི་ལམ་གྱི་འབྲེལ་བ། ལྔ་པ་དེ་གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྐོར། དེའི་ནང་ནས་རང་ལུས་མེར་སྲེག་ཐོག་ལ་ཐད་ཀར་རྒྱ་ནག་གཞུང་གིས་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་པ་འདི་ཕྱི་ལ་ཡོད་པའི་༧ གོང་ས་མཆོག་གིས་དབུ་ཁྲིད་འོག་དང་དེ་བཞིན་བོད་མིའི་སྒྲིག་འཛུགས། བཙན་བྱོལ་དུ་ཡོད་པའི་བོད་མིས་རྐྱེན་བྱས་ཏེ་བོད་ནང་རང་ལུས་མེར་སྲེག་བཏང་གི་ཡོད་རེད་ཅེས་གཞི་མེད་ཀྱི་སྐྱོན་འཛུགས་བྱས་ཡོད། དེ་ལ་གཞི་རྩའི་ཕྱི་དྲིལ་ལས་ཁུངས་ནས་ལན་འདེབས་ཤིག་བརྒྱབ་ཡོད་ལ། དེ་བཞིན་རྩོམ་འབྲི་མཁན་མང་པོ་ཞིག་གི་ནང་ནས་དམིགས་བསལ་རྒྱ་རིགས་ཀྱི་རྩོམ་འབྲི་མཁན་ནང་ནས་ཀྱང་དེ་དག་ནི་གཞི་མེད་ཡིན་པ། བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་རྐྱེན་ལ་ལ་བརྟེན་ནས་བོད་ནང་ལ་ད་ལྟའང་ངོ་རྒོལ་ཡོང་གི་ཡོད་པ་དང་རང་ལུས་མེར་སྲེག་བཏང་གི་ཡོད་འདུག་ཅེས་རྒྱ་རིགས་ནང་ལའང་འབྲི་མཁན་དེ་འདྲ་བྱུང་འདུག དེ་བཞིན་ལོ་རྒྱུས་ཐོག་ལ་ཡིན་ནའང་། ད་ཐེངས་རྒྱབ་ཤ་དཀར་པོ་དེའི་ནང་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ།
རྒྱ་ནག་གི་རྩོམ་པ་པོ་མཁས་པ་ཚོ་ཡིན་ནའང་དེ་མ་རེད་ཅེས་ལོ་རྒྱུས་ཐོག་སྔ་མོ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར་ལ་རྩོམ་འབྲི་མཁན་བྱུང་འདུག དེ་ཚོ་ཚང་མས་མཁྱེན་རྟོག་ཆེད་ཞུས་པ་ཡིན། དེ་བཞིན་དམིགས་བསལ་གཞི་མེད་ཀྱི་སྐྱོན་འཛུགས་དེ་དག་ལ་བྲཏེན་ནས་བོད་ནང་རང་ལུས་མེར་སྲེག་བཏང་དགོས་དོན་ནི། ད་ལྟ་ཡིན་ནའང་བོད་དེ་བཙན་བཟུང་འོག་ཡོད་པ་དང་། བོད་མི་ལ་ཆབ་སྲིད་ཀྱི་དམ་དྲགས་ཡོང་གི་ཡོད་པ། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད། སྤྱི་ཚོགས་ཐོག་ལའང་བོད་མི་ཚོར་དབྱེ་འབྱེད་བྱེད་ཀྱི་ཡོད་པ་བཅས་ཀྱི་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ཞུ་རྒྱུ་ཡིན། ཁ་སང་སྙན་གྲགས་ཆེ་བའི་སྙན་དེབ་(Foreign Affairs)ཞེས་པ་དེའི་ནང་ཀོ་ལོམ་བི་ཡ་མཐོ་སློབ་ནས་དགེ་རྒན་ཆེན་མོ། ཧ་ཝཌ་མཐོ་སློབ་ནས་ཐོན་པའི་གེ་རེའེ་ཌུ་ཌལ་(Gray Tuttle)གྱིས་ཀྱང་། རྒྱ་ནག་ནང་ལ་མི་རིགས་དབྱེ་འབྱེད་ཅེས། ཨ་རིའི་ནང་ལ་ཐ་སྙད་བེད་སྤྱོད་བྱེད་པ་འདི་Racism ཟེར་གྱི་ཡོད། ཧན་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད། དམིགས་བསལ་བོད་རིགས་ལ་དབྱེ་འབྱེད་བྱས་པ་ལ་བརྟེན་ནས་རྒྱ་ནག་གཞུང་གི་བོད་ནང་ད་ལྟ་བར་དུ་འཛིན་པའི་སྲིད་བྱུད་དེ་ནོར་བ་རེད་ཅེས་ཀོ་ལོམ་བི་ཡ་ནས་ཡིན་པའི་དགེ་རྒན་ཆེན་མོ།  སྤྱིར་བཏང་ཁོང་རང་ནང་ཆོས་དང་འབྲེལ་བའི་དགེ་རྒན་ཞིག་རེད། ཡིན་ནའང་། ཁོང་རང་གིས་ཀྱང་རྩོམ་དེ་འདྲ་ཞིག་བྲིས་འདུག དེ་ཁོང་རང་གི་དགེ་ཚན་ཆེན་པོ་ཞིག་གཟིགས་པའི་ཐོག་ནས་བྲིས་གནང་འདུག
གང་ལགས་ཟེར་ཞེ་ན། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཉེ་བའི་ཆར་བཤད་གསལ། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་བཞིན་པ་དེ་ནི་བོད་ནང་སྒེར་ལངས་དང་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྐྱེན་ལ་བརྟེན་ནས་སྲིད་བྱུས་དེ་བཟུང་གི་ཡོད་རེད་ཅེས་བཤད་འདུག དེ་ནོར་བ་རེད། རྒྱ་ནག་གཞུང་གིས་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པར་བརྟེན། བོད་མི་ཚོས་ངོ་རྒོལ་མ་བྱེད་དཀའ་མེད་ཆགས་པ་ཡོད་པ་རེད་མ་གཏོགས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་བོད་མིས་ངོ་རྒོལ་བྱེད་པས་རྐྱེན་གྱིས་བྱུང་བ་ཞིག་མ་རེད། དབྱེ་འབྱེད་བྱེད་ཀྱིས་ཡོད་པའི་རྐྱེན་བྱས་ཏེ་བོད་མི་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་ཆགས་ཡོད་རེད་ཅེས། ཁོང་རང་གིས་རྐྱེན་དེ་རྒྱ་ནག་གཞུང་གི་སྲིད་བྱུས་དམིགས་བསལ་རྒྱ་མི་རིགས་དང་བོད་མི་རིགས་དབར་དབྱེ་འབྱེད་བྱེད་ཀྱི་ཡོད་པར་བརྟེན་ནས་བྱུང་བ་རེད་ཟེར་ནས་དགེ་རྒན་ཆེན་མོ་ཁོང་རང་གིས་ཁ་གསལ་རྩོམ་ཡིག་ནང་བྲིས་འདུག་ཅེས་རྣམ་པ་ཚོར་སྙན་སེང་ཞུ་རྒྱུ་ཡིན། དེ་གང་ཡིན་ཞུ་ན། རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག་ནས། རྐྱེན་དེ་རྒྱ་ནག་གཞུང་ལ་ཡོད་པ། ཐབས་ལམ་འཚོལ་རྒྱུ་དེ་ཡང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྟེན་ནས་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །
བོད་མིའི་སྒྲུག་འཛུགས་དྲ་བ་ནས།།