ཁ་ སང་ ཨ་ རིའི་ བྱང་ ཀོ་ རི་ ཡའི་ རྡུལ་ ཕྲན་ མཚོན་ ཆ་ སྔོན་ འགོག་ བྱ་ རྒྱུར་ གྲོས་ མོལ་ བྱེད་ མཁན་ སི་ ཎེ་ སི་ ལར་ ལགས་ ཀྱིས་ བྱང་ ཀོ་ རི་ ཡས་ ཨི་ རན་ ལ་ ལེགས་ ཆ་ བླངས་ ནས་ དཀའ་ རྙོག་ སེལ་ ཐབས་ བྱེད་ དགོས་ སྐོར་ བརྗོད་ འདུག
ཁ་ སང་ བྱང་ ཀོ་ རི་ ཡའི་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ སྔོན་ འགོག་ བྱ་ རྒྱུར་ གྲོས་ མོལ་ བྱེད་ མཁན་ ཨ་ རིའི་ དམིགས་ བསལ་ སྐུ་ ཚབ་ སི་ ཎེ་ སི་ ལར་ (Sydney
Seiler) ལགས་
སི་ ཎེ་ སི་ ལར་ ལགས་ ཀྱིས་ ཚོང་ ལས་ ཚད་ གཞི་ (Business Standard) ཐོག “དེ་ སྔོན་ འབར་ མ་ དང་ ཁུའུ་ བྷའི་ གཞུང་ གིས་ ཨ་ རི་ དང་ ལག་ གདང་ སྦྲེལ་ ནས་ རྡུལ་ ཕྲན་ མཚོན་ ཆ་ སྔོན་ འགོག་ བྱ་ རྒྱུར་ ལག་ པ་ འཆིང་ རྒྱུ་ ཡིན་ སྐོར་ བརྗོད་ དེ་ ཐག་ གཅོད་ བྱས་ ཐུབ་ ཡོད། ང་ ཚོས་ འདས་ པའི་ ལོ་ གཉིས་ ལྷག་ རིང་ བྱང་ ཀོ་ རི་ ཡར་ དཔལ་ འབྱོར་ ཉེས་ ཆད་ བཅད་ དེ་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ སྔོན་ འགོག་ བྱེད་ ཐབས་ བྱས་ ཡོད་ ཀྱང་ ། ཁོ་ ཚོས་ དེ་ ལས་ ལྡོག་ སྟེ་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ དང་ ཚོད་ ལྟ་ བྱེད་ བཞིན་ ཡོད་ སྟབས། ད་ ལྟ་ རྒྱལ་ སྤྱིའི་ སྤྱི་ ཚོགས་ ཀྱིས་ བྱང་ ཀོ་ རི་ ཡར་ ངན་ ཕྱོགས་ ཀྱི་ ཆབ་ སྲིད་ ཁ་ ལོ་ བསྒྱུར་ འགྱུར་ གྲ་ སྒྲིག་ བྱེད་ བཞིན་ ཡོད”ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༢༡ ཉིན་ རྒྱ་ གར་ དུས་ བབ་ དང་ ཚོང་ ལས་ ཚད་ གཞིའི་ ཐོག་ གནས་ ཚུལ་ སྤེལ་ དོན་ ལྟར་ ན། ད་ བར་ ཨ་ རི་ གཙོས་ རྒྱ་ ནག་ དང་ ཉི་ ཧོང་ ། ཨུ་ རུ་ སུ་ དང་ ལྷོ་ ཀོ་ རི་ ཡ་ བཅས་ ཀྱིས་ བྱང་ ཀོ་ རི་ ཡ་ གཞུང་ དང་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ སྔོན་ འགོག་ བྱ་ རྒྱུར་ གྲོས་ མོལ་ ཐེངས་ ཁ་ ཤས་ བྱས་ ཡོད་ ཀྱང་ ། བྱང་ ཀོ་ རི་ ཡས་ ཁས་ ལེན་ བྱས་ མེད་ སྟབས་ ༢༠༠༨ ལོར་ འབྲེལ་ མོལ་ ཆད་ ཡོད་ འདུག ༢༠༡༢ ལོར་ ཨ་ རི་ དང་ བྱང་ ཀོ་ རི་ ཡ་ བར་ གྲོས་ མཐུན་ ཞིག་ བཞག་ སྟེ། བྱང་ ཀོ་ རི་ ཡས་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ དང་ འབྲེལ་ ཚོད་ ལྟ་ བྱ་ རྒྱུ་ མཚམས་ འཇོག་ བྱས་ ཚེ། ཨ་ རིས་ བྱང་ ཀོ་ རི་ ཡར་ ཟ་ འབྲུའི་ རོགས་ རམ་ སྤྲོད་ རྒྱུའི་ ཐག་ གཅོད་ བྱས་ ཡོད་ ཀྱང་ ། ལོ་ དེའི་ ལོ་ མཇུག་ ཏུ་ བྱང་ ཀོ་ རི་ ཡས་ སྒྱོགས་ མདེལ་ མཚོན་ ཆ་ གཉིས་ དང་ རྡུལ་ ཕྲན་ མཚོན་ ཆ་ གཅིག་ ཚོད་ ལྟ་ བྱས་ ཡོད་ སྟབས་ ད་ བར་ རྒྱལ་ ཁབ་ གཉིས་ བར་ འབྲེལ་ མོལ་ བྱེད་ ཐུབ་ མེད་ པ་ དང་ ། ཟླ་ འདིའི་ ནང་ ཨི་ རན་ དང་ སྟོབས་ ཆེན་ རྒྱལ་ ཁབ་ བར་ ཨི་ རན་ གྱི་ རྡུལ་ ཕྲན་ མཚོན་ ཆ་ སྔོན་ འགོག་ བྱ་ རྒྱུར་ སྒྲོམ་ གཞི་ ཞིག་ གཏན་ འབེབས་ དང་ ། ཨི་ རན་ ལ་ དཔལ་ འབྱོར་ ཉེས་ ཆད་ གཏོང་ མཚམས་ འཇོག་ རྒྱུ་ བྱས་ ཡོད་ པ་ མ་ ཟད། ལོ་ གསུམ་ གོང་ ཨ་ རིས་ འབར་ མའི་ གཞུང་ དང་ ། འདི་ ལོ་ ལོ་ ༥༠ རྗེས་ ཁུའུ་ བྷའི་ གཞུང་ དང་ འབྲེལ་ བ་ བཙུགས་ ཏེ་ མཉམ་ ལས་ བྱེད་ མགོ་ བཙུགས་ ཡོད་ ཀྱང་ ། བྱང་ ཀོ་ རི་ ཡས་ ཨ་ རིས་ བསྟུན་ མཁས་ ག་ ཚོད་ བྱས་ ཀྱང་ ད་ དུང་ མཁྲེགས་ འཛིན་ ཅན་ གྱི་ སྲིད་ ཇུས་ འཛིན་ བཞིན་ ཡོད་ སྟབས། མ་ འོངས་ པར་ བྱང་ ཀོ་ རི་ ཡ་ རྒྱལ་ སྤྱིའི་ སྡིངས་ ཆ་ ནས་ འཕུད་ སྲིད་ པ་ ཞིག་ ཡིན་ ཞེས་ སོགས་ བཀོད་ འདུག
རྒྱལ་ སྤྱིའི་ འབྲེལ་ ལམ་ ཆེད་ མཁས་ པ་ བྷར་ ཎར་ ཌི་ ཝོལ་ སན་ ལགས་ ཀྱིས་ དབྱིན་ ཡུལ་ ཆ་ འཕྲིན་ ཐོག ད་ ལྟ་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གཅིག་ ལ་ གཅིག་ བརྟེན་ ཡིན་ སྟབས། ད་ ལྟ་ བྱང་ ཀོ་ རི་ ཡས་ མཁྲེགས་ བཟུང་ སྲིད་ ཇུས་ གང་ འདྲ་ ཞིག་ བཟུང་ ཡང་ རྒྱུན་ རིང་ གནས་ ཐུབ་ ཀྱི་ མ་ རེད་ ཅེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

