རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།

༧གོང་ས་མཆོག་ཉི་ཧོང་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༥།༤།༡༥རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ངོ་མར་བསམ་ཤེས་བྱས་པ་ཡིན་ན་དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་བདུན་ཕྲག་གཉིས་ཙམ་རིང་གི་རླབས་ཆེན་གྱི་མཛད་
འཕྲིན་ཁག་ལེགས་འགྲུབ་ཟིན་ནས། ཕྱི་ཚེས་༡༥གཟའ་ལྷག་པའི་སྔ་དྲོའི་ཕྱག་ཚོད་༡༠་པའི་ཐོག་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་བ་དང་། ས་གནས་བོད་མི་དང་ཕྱི་ནང་མི་རིགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག ༧གོང་ས་མཆོག་འདི་ཟླའི་ཚེས་༢་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཞབས་སོར་འཁོད་པ་ནས་བཟུང་འདི་ཟླའི་ཚེས་༡༣་བར་ཉི་ཧོང་གི་ཚན་རིག་པ་དང་། ཆབ་སྲིད་མི་སྣ། སྨན་པ། ནང་པ། སློབ་ཕྲུག་གཙོས་པའི་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་བ་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཚེས་༡༤་ཉིན་བོད་མི་དང་ཐེ་ཝན་མི་མང་༡༠༠༠་ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་ཐོག་མར་བོད་མི་རྣམས་ལ་གཞན་ཕན་བྱ་རྒྱུ་འདི་ང་ཚོའི་ཆོས་ནང་གསུང་ཡོད་པ་དང་། དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མོས་ཆེན་པོ་བྱེད་བཞིན་པར་བརྟེན་བོད་མི་ཚོས་སོ་སོའི་རིག་གཞུང་བདག་གཅེས་མ་ཐུབ་པ་ཡིན་ན་ངོ་ཚ་དགོས་པ་ཞིག་ཆགས་ཀྱི་རེད། བོད་མི་རྣམས་ཀྱིས་ཕན་ཚུན་ལས་དོན་སྐོར་གོ་བསྡུར་བྱས་ནས་སྐྱོན་དང་ཞན་ཆ་ཡོད་པ་རྣམས་ལྷག་བསམ་རྣམ་དག་ཐོག་གསལ་བཏོན་གྱིས་ཡར་རྒྱས་གཏོང་ཐབས་བྱེད་དགོས། བོད་ནང་གཞིས་ལུས་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་མཚོན་ན། ང་ཚོས་དཀའ་ངལ་སེལ་རྒྱུའི་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ཀྱང་ནུས་པ་དེ་ཙམ་མ་ཐོན་སྟབས་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་ཀྱི་ཡོད། འགྱུར་བ་མ་འགྲོ་ཐབས་མེད་ཡིན་སྟབས་འགྱུར་བ་གཏན་གཏན་འགྲོ་ཡི་རེད། སྔ་ཕྱི་མ་གཏོགས་ཕྱི་གསལ་ནང་གསལ་བྱེད་པར་གཡོལ་ཐབས་རྩ་བ་ནས་མེད། རྒྱ་ནག་དབང་འཛིན་པ་ཚོས་བོད་མི་རྣམས་ལ་དྲག་གནོན་ཁོ་ན་བྱས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་རུང་།  བོད་ཀྱི་ཆོས་དང་རིག་གཞུང་ཚགས་ཚུད་ཐག་ཆོད་བྱས་ནས་འཚོ་གནས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ནམ་ཞིག་བོད་མིའི་མངོན་འདོད་ངོ་མ་གང་ཡིན་པ་དེར་བསམ་ཤེས་བྱས་པ་ཡིན་ན་དཀའ་ངལ་སེལ་ཐུབ་ཀྱི་རེད་ཅེས་སོགས་བཀའ་སློབ་སྩལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།