༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བའི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་རྣམ་གཉིས་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་དུ། སེམས་ནང་ལ་སྤྲོ་སྣང་ཇི་ལྟར་འཆར་ཐུབ་མིན་དང་དེའི་རྒྱུ་རྐྱེན་གང་ཡིན་སྐོར་སོགས་ལ་བགྲོ་གླེང་མཛད་པ་ཕྱོགས་སྒྲིག་དཔེ་དེབ་འདོན་རྒྱུའི་ལས་གཞི་དབུ་འཛུགས་མཛད་འདུག སྐབས་དེར་ཞེས་པ་ལུང་འདྲེན་མཛད།
དེ་ཡང་དཔེ་དེབ་དེའི་མིང་བྱང་དུ། སྤྲོ་དེབ། (Book Of Joy) ཡིན་འདུག་པ་དང་། སྤྱིར་ཐེངས་འདིར་སྤྲོ་དེབ་ཕྱོགས་སྒྲིག་ཀྱི་ལས་གཞི་འདི་ནི་དེ་སྔ་གནོད་པ་ལ་ཇི་མི་མཉམ་པའི་བཟོད་པའི་སྐོར་གྱི་དཔེ་དེབ། (Book Of Forgiving) ཞེས་པ་འདི་དང་རྣམ་པ་འདྲ་མཚུངས་ཤིག་ཡིན་འདུག་པ་དང་། གནོད་པ་ལ་ཇི་མི་མཉམ་པའི་བཟོད་པའི་དཔེ་དེབ། དེ་ནི་སྐུ་ཞབས་ཊུ་ཊུ་མཆོག་དང་ཁོང་གི་སྲས་མོ་མ་པུ་ Mpho རྣམ་གཉིས་བགྲོ་གླེང་མཛད་པ་རྣམས་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག ཕྱི་ཚེས་ ༢༣ ཉིན་བླ་ཆེན་མཆོག་དང་༸གོང་ས་མཆོག་རྡ་སྟེང་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱང་ནས་སློབ་ཕྲུག་ཚོ་དང་ལྷན་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག འགྲོ་བ་མིའི་འགྲུལ་བཞུད་ Human Journey ཅེས་པའི་ཚོགས་པ་ཞིག་བླ་ཆེན་ཊུ་ཊུ་མཆོག་དང་སྐུ་ཞབས་ཨབ་ར་ཧམ་རྣམ་གཉིས་ཀྱིས་བཙུགས་འདུག དེའི་དགོས་འདུན་གཙོ་བོ་ནི་ཨ་ཕི་རི་ཀའི་སྲོལ་རྒྱུན་ནང་ཨུ་བྷུན་ཏུ། ubuntu ཞེས་པའི་ཐ་སྙད་གཅིག་ཡོད་པ་དེའི་གོ་དོན་ལ་ དཔྱད་ནས་གོ་རྟོགས་སྤེལ་རྒྱུ་ཡིན་འདུག ཐ་སྙད་དེའི་གོ་དོན་ནི་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གནས་སྟངས་ཤིག་ལ་བརྗོད། བོད་མིའི་སྒྲིག་འཛུགས་དྲ་བ་ནས།།
