འབར་ མའི་ དམངས་ གཙོ་ དོན་ གཉེར་ བ་ ལྕམ་ ཨན་ སང་ སུ་ ཁེ་ མཆོག་ གིས་ སྲིད་ འཛིན་ གཙོས་ མཐོ་ རིམ་ དཔོན་ རིགས་ ཁག་ ལ་ ཐུག་ ནས་ རྩ་ ཁྲིམས་ དང་ འོས་ བསྡུའི་ སྒྲིག་ གཞི་ ཁག་ གཅིག་ བསྐྱར་ བཅོས་ བྱེད་ དགོས་ པའི་ དགོས་ འདུན་ བཏོན་ འདུག
དེ་་
ལྕམ་ ཨན་ སང་ སུ་ ཁེ་ མཆོག་ གིས་ ཉིན་ རེའི་ གསར་ འཕྲིན་ (Daily Journal) ཐོག “ད་ ཐེངས་ གྲོས་ མོལ་ འདི་ ནི་ རྒྱལ་ ཡོངས་ སྲིད་ འཛིན་ འོས་ བསྡུ་ དྲང་ བདེན་ དང་ ཚགས་ ཚུད་ ཡོང་ ཆེད་ བྱས་ པ་ ཞིག་ ཡིན་ སྟབས། འདི་ བརྒྱུད་ ནས་ མ་ འོངས་ པར་ རྩ་ ཁྲིམས་ དང་ འོས་ བསྡུའི་ སྒྲིག་ གཞི་ ཁག་ གཅིག་ བསྐྱར་ བཅོས་ བྱེད་ ཐུབ་ ཚེ། གཞུང་ འཛིན་ དང་ ཕྱོགས་ འགལ་ ཚོགས་ པར་ ཕན་ ཐོགས་ ཆེན་ པོ་ ཡོང་ རྒྱུ་ རེད། གང་ ཡིན་ ཟེར་ ན། ཟླ་ རྗེས་ མའི་ རྒྱལ་ ཡོངས་ འོས་ བསྡུ་ དེ་ ནི་ ༢༠༡༠ ལོ་ དང་ མི་ འདྲ་ བ་ ཆགས་ ཡོད་ སྟབས། ང་ ཚོས་ རེ་ བ་ བརྒྱབ་ པ་ ལྟར་ ཡོང་ བའི་ ཡིད་ ཆེས་ བྱེད་ བཞིན་ ཡོད།”ཅེས་ དང་ ། གྲངས་ ཉུང་ མི་ རིགས་ ཀྱི་ སྐུ་ ཚབ་ ཨཱ་ ཡེ་ མང་ གིས། “གྲོས་ མོལ་ འདིས་ ཕྱོགས་ ཕན་ ཚུན་ བསམ་ ཤེས་ བྱས་ ཏེ། མི་ རིང་ བར་ རྩ་ ཁྲིམས་ བསྐྱར་ བཅོས་ ཀྱི་ གྲོས་ མཐུན་ ཞིག་ འཇོག་ རྒྱུར་ རེ་ བ་ རྒྱག་ བཞིན་ ཡོད་ ཀྱང་ ། གལ་ སྲིད་ ང་ ཚོའི་ མངོན་ འདོད་ མ་ འགྲུབ་ ཚེ་ དུས་ ཐོག་ འོས་ བསྡུ་ བྱ་ རྒྱུ་ ཁག་ པོ་ ཆགས་ ཡོད”ཅེས་ བརྗོད་ འདུག
ཨེ་ ཕེ་ (AP News)གསར་ ལམ་ ཐོག་ གནས་ ཚུལ་ སྤེལ་ དོན་ ལྟར་ ན། ༡༩༦༢ ལོ་ ནས་ བཟུང་ འབར་ མ་ ནང་ བསྟུད་ མར་ ནང་ འཁྲུག་ ལངས་ ཏེ། དམག་ མིས་ རྒྱལ་ ཡོངས་ ནང་ དྲག་ པོའི་ ཁྲིམས་ གཞི་ བསྡམས་ ནས་ དབང་ ཆ་ བཟུང་ རྗེས། མང་ ཚོགས་ ཀྱི་ འགྲོ་ འདུག་ སྤྱོད་ གསུམ་ ལ་ དམ་ དྲག་ དང་ འབྲེལ་ མི་ སྤྱོད་ ལས་ འདས་ པའི་ མནར་ གཅོད་ མྱོང་ དགོས་ བྱུང་ ཡོད་ སྟབས། འབར་ མའི་ ནང་ པའི་ དགེ་ འདུན་ པ་ ཚོས་ སྣེ་ འཁྲིད་ དེ། རྒྱལ་ ཡོངས་ ནང་ མི་ གཅིག་ དབང་ སྒྱུར་ རིང་ ལུགས་ གཏོར་ ཕམ་ བཏང་ ནས་ དམངས་ གཙོའི་ ལམ་ ལུགས་ གཏོད་ དགོས་ པའི་ ངོ་ རྒོལ་ རིམ་ པ་ བྱས་ པ་ བརྒྱུད། དམག་ མི་ དང་ མི་ སེར་ བར་ ནང་ དམེ་ ཤོར་ ནས་ མི་ ༣༠༠༠ ལྷག་ བསད་ ཡོད་ སྟབས། རྒྱལ་ སྤྱིའི་ སྒྲིག་ འཛུགས་ ཀྱིས་ དམག་ སྤྱི་ ཋན་ སན་ ལ་ གནོན་ ཤུགས་ སྤྲད་ དེ། རྩ་ ཁྲིམས་ གསར་ བཟོ་ བྱས་ ནས་ དམངས་ གཙོའི་ ལམ་ ལུགས་ ཐོག་ བསྐྱོད་ དགོས་ པའི་ བརྒྱུད་ སྐུལ་ བྱས་ ཡོད། ༢༠༠༨ ལོར་ དམག་ མིའི་ གཞུང་ གིས་ རྩ་ ཁྲིམས་ ཤིག་ བཟོས་ ཡོད་ ཀྱང་ ། དམངས་ གཙོ་ དོན་ གཉེར་ བ་ ལྕམ་ ཨན་ སང་ སུ་ ཁེ་ མཆོག་ གི་ བུ་ ཕྲུག་ ཕྱི་ རྒྱལ་ གྱི་ མི་ སེར་ ཡིན་ སྟབས། ཁོ་ མོ་ སྲིད་ འཛིན་ གྱི་ འོས་ མིར་ ཞུགས་ མི་ ཆོག་ ཚུལ་ བརྗོད་ ཡོད། ༢༠༡༠ ལོའི་ རྒྱལ་ ཡོངས་ སྲིད་ འཛིན་ འོས་ བསྡུ་ སྐབས་ ལྕམ་ ཨན་ སང་ སུ་ ཁེ་ ཡི་ རྒྱལ་ ཡོངས་ དམངས་ གཙོ་ ཚོགས་ པས། དམག་ སྤྱི་ ཋན་ སན་ གྱི་ རྒྱལ་ ཡོངས་ ཆིག་ སྒྲིལ་ ཡར་ རྒྱས་ ཚོགས་ པ་ ཕམ་ ཉེས་ བཏང་ སྟེ་ རྒྱལ་ ཁ་ ཐོབ་ རྒྱུའི་ རེ་ བ་ ཡོད་ ཀྱང་ ། ཁྲིམས་ ཐོག་ ནས་ ལྕམ་ ཨན་ སན་ སུ་ ཁེ་ མཆོག་ སྲིད་ འཛིན་ བྱ་ རྒྱུ་ མེད་ སྟབས། འོས་ བསྡུར་ ངོ་ རྒོལ་ དང་ འབྲེལ་ མཉམ་ ཞུགས་ བྱས་ མེད། ༢༠༡༢ ལོར་ འོས་ བསྡུའི་ སྒྲིག་ གཞི་ ཁག་ གཅིག་ བསྐྱར་ བཅོས་ བྱས་ སྟབས་ གྲོས་ ཚོགས་ འཐུས་ མིའི་ ཁ་ སྐོང་ འོས་ བསྡུར་ (by-election) ཞུགས་ ཏེ། གྲོས་ ཚོགས་ འཐུས་ མིའི་ རྐུབ་ སྟེགས་ ༤༤ ཡོད་ ཁོངས་ ནས་ ༤༣ ཐོབ་ ཡོད་ ཅེས་ བཀོད་ འདུག
འབར་ མའི་ གནད་ དོན་ ཆེད་ མཁས་ པ་ ཋན་ སུང་ ཨན་ གྱིས་ འབར་ མའི་ དུས་ བབ་ ཐོག ད་ ཐེངས་ གྲོས་ མོལ་ འདི་ བརྒྱུད་ རྩ་ ཁྲིམས་ དང་ འོས་ བསྡུའི་ སྒྲིག་ གཞི་ བསྐྱར་ བཅོས་ བྱེད་ མ་ ཐུབ་ ཚེ། ཟླ་ རྗེས་ མར་ རྒྱལ་ ཡོངས་ སྲིད་ འཛིན་ འོས་ བསྡུ་ བྱེད་ ཁག་ པོ་ ཡིན་ པ་ མ་ ཟད་ ཟིང་ འཁྲུག་ ཀྱང་ ལངས་ སྲིད་ པ་ ཞིག་ ཡིན་ སྟབས། ད་ ལྟ་ གང་ བྱེད་ དགོས་ མིན་ མཐོ་ རིམ་ དཔོན་ རིགས་ ཚོས་ བསམ་ བློ་ གཏོང་ དགོས་ པ་ ཆགས་ ཡོད་ ཅེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།