ཁ་ སང་ ཨ་ རིའི་ ཕོ་ བྲང་ དཀར་ པོའི་ མགྲིན་ ཚབ་ པས་ བལ་ ཡུལ་ གཙོས་ པའི་ ས་ ཁུལ་ ཁག་ ཏུ་ ས་ ཡོམ་ གོད་ ཆག་ སྐོར་ བསྒྲགས་ སྐབས་ བོད་ གླེང་ མི་ འདུག
ཁ་ སང་ ཨ་ རིའི་ ཕོ་ བྲང་ དཀར་ པོའི་ མགྲིན་ ཚབ་ པ་ ཇའོ་ ཤེ་ ཨར་ ཎེ་ སེ་ ཌི་ (Josh Earnest) ཡིས་ གསར་ འགོད་ གསལ་ བསྒྲགས་ ཤིག་ སྤེལ་ ཏེ། ཟླ་ འདིའི་ ཚེས་ ༢༥ ཉིན
་
ཇའོ་ ཤེ་ ཨར་ ཎེ་ སེ་ ཌི་ ཡིས་ གསར་ འགོད་ པ་ ཚོར་ འདི་ ལྟར་ བརྗོད་ འདུག “ཨ་ རིའི་ གཞུང་ གིས་ བལ་ ཡུལ་ གྱི་ ས་ ཡོམ་ ཁྲོད་ རྐྱེན་ འདས་ སུ་ སོང་ བའི་ བལ་ པོའི་ ནང་ མི་ སྤུན་ མཆེད་ ལ་ ཐུགས་ གསོའི་ འཚམས་ འདྲི་ ཞུ་ བཞིན་ ཡོད་ པ་ མ་ ཟད། རྒྱ་ གར་ དང་ བྷང་ ལ་ དྷེ་ ཤེ་ ནང་ འདས་ གྲོངས་ སོང་ བ་ དག་ ལའང་ གཅིག་ མཚུངས་ གདུང་ སེམས་ མཉམ་ སྐྱེད་ ཞུ་ བཞིན་ ཡོད”ཅེས་ དང་ ། བདུན་ ཕྲག་ སྔོན་ མའི་ རེས་ གཟའ་ སྤེན་ པའི་ ཉིན་ ཨ་ རིའི་ རྒྱལ་ ཡོངས་ བདེ་ འཇགས་ ལྷན་ ཚོགས་ ཀྱི་ མགྲིན་ ཚབ་ མ་ མེ་ ཧན་ (Bernadette Meehan) གྱིས། “ཨ་ རིའི་ གཞུང་ དམངས་ གཉིས་ ཀྱིས་ བལ་ ཡུལ་ གྱི་ ས་ ཡོམ་ རྐྱེན་ པས་ འདས་ གྲོངས་ དང་ གོད་ ཆག་ བྱུང་ བའི་ བལ་ པོ་ དང་ རྒྱ་ གར་ བ། བྷང་ ལ་ དྷེ་ ཤེ་ བ་ བཅས་ ཀྱི་ ནང་ མི་ སྤུན་ མཆེད་ དག་ ལ་ གདུང་ སེམས་ མཉམ་ སྐྱེད་ ཞུ་ བཞིན་ ཡོད་ པ་ མ་ ཟད། བལ་ བོའི་ ནང་ རྐྱེན་ ངན་ གྲོལ་ འདོམས་ བྱེད་ མཁན་ གྱི་ ཆེད་ མཁས་ རུ་ ཁག་ གཏོང་ རྒྱུ་ དང་ ཨ་ སྒོར་ ས་ ཡ་ གཅིག་ གི་ འཕྲལ་ སེལ་ རོགས་ དངུལ་ སྤྲོད་ རྒྱུ་ དང་ མ་ འོངས་ རོགས་ རམ་ གང་ དགོས་ ཀྱང་ བྱ་ རྒྱུ་ ཡིན”ཞེས་ བརྗོད་ འདུག
ཨ་ རིའི་ སྐུ་ ཚབ་ དོན་ གཅོད་ དབུ་ དཀར་ ཚང་ སྐལ་ རྡོར་ མཆོག་ གིས་ ཐབས་ ཇུས་ མཁས་ པ་ (Politico) ཞེས་ པའི་ ཐོག “བལ་ ཡུལ་ གྱི་ ས་ ཡོམ་ རྐྱེན་ པས་ བལ་ ཡུལ་ དང་ ས་ འབྲེལ་ ཡིན་ པའི་ བོད་ ཀྱི་ ས་ ཁུལ་ མང་ ཆེ་ བར་ གནོད་ སྐྱོན་ ཚབས་ ཆེན་ ཕོག་ ཡོད་ སྟབས། ང་ ཚོས་ ཨ་ རིའི་ གཞུང་ གིས་ གནོད་ འཚེ་ ཕོག་ ཡུལ་ གྱི་ ས་ ཁུལ་ གཅིག་ ཀྱང་ མ་ ལུས་ པ་ གསལ་ ཁ་ བཏོན་ ནས་ འགྲེལ་ བརྗོད་ བྱ་ རྒྱུར་ ཡིད་ ཆེས་ བྱེད་ བཞིན་ ཡོད། དེ་ འདྲ་ བྱེད་ ཐུབ་ ཚེ་ ཁོ་ ཚོར་ དགོས་ ངེས་ ཀྱི་ དོ་ སྣང་ དང་ ངལ་ སེལ་ རོགས་ སྐྱོར་ འཐོབ་ རྒྱུར་ ཐུགས་ ཕན་ སོས་ ཀྱི་ རེད”ཅེས་ བརྗོད་ འདུག
སྲིད་ དོན་ དབྱེ་ ཞིབ་ པ་ ཚོས། ༢༠༡༠ ལོར་ ཨོ་ བྷ་ མས་ རྒྱ་ ནག་ གི་ སྲིད་ འཛིན་ ཧུའུ་ ཅིན་ ཐའོ་ མ་ ཐུག་ བར་ ༧གོང་ ས་ མཆོག་ དང་ མཇལ་ འཕྲད་ གནང་ མེད་ པ་ མ་ ཟད། འདི་ ལོ་ ཟླ་ ༩ པའི་ ནང་ ཞི་ ཅིན་ ཕིན་ ཨ་ རིར་ རྒྱལ་ དོན་ སྐོར་ སྐྱོད་ ཐེངས་ དང་ པོ་ བྱ་ འཆར་ ཡོད་ སྟབས། ཨ་ རིའི་ གཞུང་ གིས་ རྒྱ་ ནག་ གཞུང་ ལ་ ཁོང་ ཁྲོ་ སློང་ གཞིའི་ བྱ་ འགུལ་ དང་ བསྒྲགས་ གཏམ་ སྤེལ་ རྒྱུར་ དོགས་ ཟོན་ བྱེད་ བཞིན་ ཡོད་ ཚུལ་ བརྗོད་ འདུག
ཐེངས་ འདིའི་ ས་ ཡོམ་ ཁྲོད་ ད་ བར་ བལ་ ཡུལ་ གྱི་ མི་ ༤༣༡༠ རྐྱེན་ འདས་ དང་ ། མི་ ༧༩༥༣ ལྷག་ ལ་ རྨས་ སྐྱོན་ དང་ མི་ ས་ ཡ་ ༨ ལྷག་ ལ་ གནོད་ འཚེ་ ཕོག་ ཡོད་ འདུག རྒྱ་ གར་ ནང་ མི་ ༨༦ དང་ ། བྷང་ ལ་ དྷེ་ ཤེ་ ནང་ མི་ ༨ ལྷག་ འདས་ གྲོངས་ སོང་ ཡོད་ འདུག བོད་ ནང་ གི་ བོད་ མི་ ༢༥ རྐྱེན་ འདས་ དང་ མི་ ༡༡༧ ལྷག་ ལ་ རྨས་ སྐྱོན་ ཕོག་ ཡོད་ དང་ ། སྐྱིད་ གྲོང་ དང་ གཉའ་ ལམ། དིང་ རི་ འགྲམ་ སོགས་ ཀྱི་ སྡོད་ ཁང་ བརྒྱ་ ཆ་ ༨༠ ཙམ་ ལ་ གནོད་ སྐྱོན་ ཐེབས་ ཡོད་ འདུག ད་ ལྟ་ བལ་ ཡུལ་ ལ་ ནོར་ ཝེ་ གཞུང་ གིས་ ཨ་ སྒོར་ ས་ ཡ་ ༥ དང་ ། ཨ་ རིས་ ཨ་ སྒོར་ ས་ ཡ་ ༡༠ དང་ ཆེད་ ལས་ མི་ སྣ་ ཆེད་ གཏོང་ བྱས་ ནས་ རོགས་ སྐྱོར་ བྱེད་ བཞིན་ ཡོད་ པ་ མ་ ཟད། རྒྱ་ དཀར་ ནག་ གཉིས་ དང་ ཁེ་ ན་ ཌ། དབྱིན་ ཡུལ་ སོགས་ ཀྱིས་ མི་ རྒྱུ་ གཉིས་ ཀྱི་ རོགས་ སྐྱོར་ བྱེད་ བཞིན་ ཡོད་ འདུག
དེ་ རིང་ རྩོམ་ པ་ པོ་ ཎན་ སན་ ཀར་ ཌིན་ གྱིས་ རྒྱལ་ སྤྱིའི་ དཔལ་ འབྱོར་ ཚད་ ཐིག་ ཐོག ཨ་ རིའི་ གཞུང་ གིས་ བལ་ ཡུལ་ གྱི་ ས་ ཡོམ་ གོད་ ཆག་ ཁྲོད་ འདས་ གྲོངས་ སོང་ བའི་ ནང་ མི་ སྤུན་ མཆེད་ དག་ ལ་ ཐུགས་ གསོའི་ འཚམས་ འདྲི་ ཞུས་ ཡོད་ ཀྱང་ ། བོད་ ནང་ གི་ བོད་ མི་ ཚོར་ མ་ ཞུས་ དོན་ ནི་ ཨ་ རི་ དང་ རྒྱ་ ནག་ གི་ འབྲེལ་ ལམ་ ལ་ དོ་ ཕོག་ མི་ འགྲོ་ ཆེད་ ཡིན་ སྐོར་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།