རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བྱང་ཀོ་རི་ཡར་ཉེས་འཛུགས།

ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་གིས་ཞིབ་འཇུག་སྙན་ཐོ་བཏོན་ཏེ་བྱང་ཀོ་རི་ཡ་འཇིཊ་སྐུལ་རིང་ལུཊ་པར་རྒྱབ་སྐྱོར་བྱེད་མཁན་གྱི་མིང་གཞུང་ནང་བསྐྱར་དུ་འཇུག་དགོས་པའི་སྐུལ་མ་བྱས་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ནང་ཡོད་པའི་བྱང་ཀོ་
རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(HRNK)་ཀྱི་ལས་བྱེད་དང་། བྱང་ཀོ་རི་ཡའི་གནད་དོན་ཆེད་མཁས་པ་ཇོ་ཞཱ་སི་ཊན་ཊོན(Joshua Stanton)གྱིས་བྲིས་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ད་ལྟའི་ཆར་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱས་པའི་ནག་ཉེས་ལ་གཏན་འབེབས་ཀྱི་ཚད་གཞི་ཁ་གསལ་དང་གཅིག་གྱུར་མེད་སྟབས། ཨ་རིའི་གྲོས་ཚོགས་དང་རྒྱལ་དོན་ལྷན་ཁང་གིས་ངེས་པར་དུ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཀྱི་གཏན་འབེབས་བཅའ་ཁྲིམས་གསལ་བོ་བཟོ་དགོས་པ་མ་ཟད། བྱང་ཀོ་རི་ཡ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་དངོས་པོའི་རོགས་རམ་ཤུགས་ཆེར་བཏང་ཡོད་སྟབས། དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཀྱི་མིང་གཞུང་ནང་བསྐྱར་དུ་འཇུག་པར་བསམ་བློ་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་འགན་འཛིན་གྷ་རི་སི་ཀར་ལཱ་ཊོ་ (Greg Scarlatoiu) ཡིས། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བྱང་ཀོ་རི་ཡ་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་སྲིད་བྱུས་ཀྱི་ལག་ཆར་བེད་སྤྱོད་གཏོང་བར་ཤུགས་སྣོན་བྱས་ཡོད་པ་མ་ཟད། དངོས་པོའི་རོགས་རམ་ཤུགས་ཆེ་རུ་བཏང་ཡོད་པ་དང་འབྲེལ། ཉེ་སྔོན་ནས་སྐྱབས་བཅོལ་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་མི་མཐུན་མཁན་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁོངས་ཀྱི་མི་སེར་དཀྱུས་མ་དང་ཨ་རི་སོགས་རྒྱལ་ཁབ་གཞན་ནས་ཡིན་པ་ཚོར་ཐེངས་མང་པོར་འཇིགས་སྐུལ་བྱས་ཡོད་སྐོར་བརྗོད་འདུག
ཡང་སྙན་ཐོའི་ནང་བྱང་ཀོ་རི་ཡ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ནག་ཉེས་ཁག་ཅིག་བགྲངས་བའི་ནང་། ཕྱི་ལོ་ ༢༠༠༨ ཟླ་༡༠ ཚེས་ ༡༡ ཉིན་བྱང་ཀོ་རི་ཡ་མིང་གཞུང་དེའི་ནང་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། མུ་མཐུད་ཨི་རག་དང་འཇིགས་སྐུལ་རིང་ལུགས་ཀྱི་ཚོང་འགྲུལ་པར་མཚོན་ཆ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། ཚོང་འབྲེལ་བྱེད་མཁན་ནང་ཁ་ཆེའི་དྲག་སྤྱོད་ཚོགས་པ་(Hezbollah)དང་(Hamas )སོགས་ཡོད་ལུགས་དང་། ཡང་བྱང་ཀོ་རི་ཡས་ཕྱི་ལོ་ ༢༠༠༩ ལོར་ཨ་རི་དང་ལྷོ་ཀོ་རི་ཡ་གཞུང་གི་དྲ་རྒྱ་དང་ཚོང་ལས་དྲ་བར་གསང་འཛུལ་བྱས་སྐོར་སོགས་བརྗོད་ཡོད་འདུག
རྒྱ་ནག་གི་གསང་བ་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཀྱི་མིང་གཞུང་ནང་ཨི་རག་དང་སི་རི་ཡ། སུའུ་ཏན་བཅས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་བྱང་ཀོ་རི་ཡའི་སྲིད་འཛིན་ཅིན་ཀྲིན་རི་དང་ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཞི་(George W Bush)རྣམ་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞི་བཀག་སྡོམ་བྱེད་པའི་ཐད་གྲོས་ཆོད་ཅིག་བཞག་པར་བརྟེན། བྱང་ཀོ་རི་ཡ་འཇིགས་སྐུལ་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་མཁན་གྱི་མིང་གཞུང་ལས་ཕྱིར་འཐེན་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ
དུས་བབ་དྲ་བ་ནས།།