བོད་ཀྱི་དུས་བབ་གསར་ཁང་ནས།
ཕྱི་
དེ་ རིང་ ཕྱི་ ཚེས་ ༡༧ ཉིན་ འདི་ གའི་ གསར་ འགོད་ པས་ ལྷོ་ ཕྱོགས་ སེ་ ར་ དགོན་ པའི་ གྲ་ ཡེ་ ཤེས་ བློ་ བཟང་ ལགས་ སུ་ ཁ་ པར་ བཏང་ སྟེ་ གནས་ ཚུལ་ ཤེས་ རྟོག་ བྱུང་ བར། ཕྱི་ ཚེས་ ༡༤ ཉིན་ དར་ རྒྱས་ དགོན་ པའི་ གྲྭ་ ངག་ དབང་ བློ་ བཟང་ ལགས་ ཀྱིས་ དཀར་ མཛེས་ རྫོང་ ཐོག་ ཏུ་ ཕྱིན་ ཏེ་ རྒྱ་ སྒོར་ ༨༠༠ ལྷག་ གིས་ ༸གོང་ ས་ མཆོག་ གི་ སྐུ་ པར་ བླུས་ ཏེ་ རང་ ཤག་ ཏུ་ སྒྲིག་ བཤམས་ བྱས་ ཡོད་ པ་ དང་ ། ཕྱི་ ཚེས་ ༡༥ ཉིན་ གྱི་ ཞོགས་ པར་ དགོན་ པ་ ཚོགས་ འཚོགས་ སྐབས་ གྲྭ་ མང་ ལ་ སྐུ་ འབྱེད་ ཕུལ་ ཏེ་ གསོལ་ སྨོན་ སྐྱབས་ འཇུག་ ཞུས་ རྗེས། ཞོགས་ པའི་ ཆུ་ ཚོད་ ༦ ཙམ་ ལ་ དཀར་ མཛེས་ རྫོང་ ཐོག་ ཏུ་ ཕྱིན་ ཡོད་ པ་ དང་ ། ཆུ་ ཚོད་ ༧ སྟེང་ དཀར་ མཛེས་ རྫོང་ གི་ ཁྲོམ་ སྲང་ ཏུ་ བོད་ ལ་ དབང་ དགོས་ པ་ དང་ ། ༸གོང་ ས་ མཆོག་ ཕྱིར་ བོད་ དུ་ གདན་ ཞུ་ གནང་ དགོས་ པའི་ སྐོར་ གྱི་ ཡིག་ ཆ་ འགྲེམས་ གཏོར་ བྱས་ པར་ བརྟེན། ཉིན་ དེར་ མཆོད་ མཇལ་ དུ་ སྐྱོད་ བཞིན་ པའི་ མི་ ཚོགས་ མང་ པོ་ ཁོང་ གི་ ཉེ་ འཁོར་ དུ་ འདུ་ འཛོམས་ བྱུང་ ཡོད་ པ་ དང་ ། སྐབས་ དེར་ ཁོང་ གིས་ པུས་ མོ་ གཉིས་ ས་ ལ་ བཙུགས་ ཤིང་ ལག་ གཉིས་ ཐལ་ མོ་ སྦྱར་ ཏེ། “༧གོང་ ས་ མཆོག་ ཁྲི་ ལོར་ བརྟན་ པར་ ཤོག བོད་ ལ་ རང་ དབང་ དགོས” ཞེས་ སྐད་ འབོད་ བྱས་ ཡོད་ འདུག ཁོང་ གིས་ ཞི་ བའི་ ངོ་ རྒོལ་ གནང་ སྟེ་ སྐར་ མ་ ༦ ཙམ་ གྱི་ རྗེས་ ལ། རྒྱ་ གཞུང་ གི་ ཉེན་ རྟོག་ དམག་ མི་ མང་ པོ་ བསླེབས་ ཏེ་ ཁོང་ ལ་ གཅར་ རྡུང་ དྲག་ པོ་ གཏོང་ ཞོར་ བཙན་ འཁྲིད་ བྱས་ ཡོད་ པར་ མ་ ཟད།དེར་ འདུས་ ཀྱི་ མི་ མང་ ལའང་ སྡིགས་ ར་ དང་ འཇིགས་ སྐུལ་ བཏང་ ཡོད་ འདུག ད་ ལྟ་ གྲྭ་ ངག་ དབང་ བློ་ བཟང་ ལགས་ ས་ གནས་ གང་ དུ་ བཀག་ སྐྱིལ་ བྱས་ ཡོད་ མེད་ ཀྱི་ གནས་ སྟངས་ སྐོར་ ཤེས་ རྟོག་ ཐུབ་ མེད་ པ་ རེད།
གྲྭ་ ཡེ་ ཤེས་ བློ་ བཟང་ ལགས་ ཀྱིས་ མུ་ མཐུད་ བརྗོད་ པ་ ལྟར་ ན། ཉིན་ དེར་ སྔ་ རྗེས་ སུ་ མི་ གྲངས་ ༦ ཙམ་ གྱིས་ དཀར་ མཛེས་ རྫོང་ གི་ ཁྲིམ་ གཞུང་ དུ་ ངོ་ རྒོལ་ བྱས་ ཏེ་ ཉེན་ རྟོག་ པས་ འཛིན་ བཟུང་ བྱས་ ཡོད་ ཀྱང་ ། ཁོང་ རྣམ་ པའི་ མིང་ སོགས་ ཞིབ་ ཕྲའི་ གནས་ ཚུལ་ ཤེས་ རྟོགས་ ཐུབ་ མི་ འདུག ད་ ལྟའི་ ཆར་ དཀར་ མཛེས་ རྫོང་ ཐོག་ ཉེན་ རྟོག་ དམག་ མིས་ བཀག་ སྡོམ་ ནན་ མོ་ བྱས་ ཏེ། ལམ་ མདོ་ ཁག་ ཏུ་ ལྟ་ སྲུང་ དམག་ མི་ འགྲེམས་ འཇོག་ དང་ ། རྫོང་ མཁར་ དུ་ མི་ མང་ འགྲོ་ བསྐྱོད་ སྐབས་ ཐོབ་ ཐང་ ལག་ ཁྱེར་ ཡོད་ མེད་ དང་ གང་ དུ་ འགྲོ་ འདུག་ བྱེད་ མིན་ སྐོར་ ལ་ འདྲི་ རྩད་ བྱེད་ བཞིན་ ཡོད་ འདུག
