ཡོང་ཁུངས་ཨ་སྤེན་སྲིན་བྲིས་ནས།
དེརིང་ཕྱི་ཟླ་ ༦ པའི་ ཚེས་ ༡༦ ནི་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོའི་ཁྱུ་མཆོག་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ གཙོས་པའི་མདོ་ཁམས་ཕྱོགས་ཀྱི་མི་རྣམས་མཉམ་འཛོམས་ཀྱིས་བོད་བསྟན་པ་ཆབ་སྲིད་འདི་ཉིད་འཇིག་ལ་ཉེ་བའི་མཚམས་དེར། བསྟན་སྲུང་དང་བླང་དྲག་པོའི་དམག་གི་སྒྲིག་འཛུགས་འདི་བཙུགས་ནས་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་རྗེས་དྲན་དང་སྟབས་བསྟུན། ལྷོ་ཕྱོགས་མོན་གྷོ་རུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་དེ་རིང་དབུ་འཛུགས་གནང་སོང་།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དར་ཆ་རལ་གྲི་ཁ་སྤྲོད་ལྷབ་ལྷུབ་དུ་མཁའ་དབྱིངས་སུ་གཡོ་བ།

སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་ མཆོག་གི་གཙོས་སྐུ་མགྲོན་རྣམས་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་པ།

ཆུ་སྒང་ཚོགས་གཙོ་སྨར་ཁམས་ཆོས་འཕེལ་ལགས་ཚོགས་ཐོག་ཏུ་ཕེབས་བཞིན་པ།

སྐུ་མགྲོན་གཙོ་བོ་རྣམས་མཉམ་དུ་བསྒྲོན་པའི་སྐུ་པར།

ཚོགས་མགོན་དུ་ཕེབས་པའི་གདན་སའི་མཁན་ལས་ཟུར་རྣམ་པ།

ཚོགས་བཅར་བ་དགེ་འདུན་པའི་ཟུར་ཞིག

ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་སྐུ་མགྲོན་པའི་ཟུར་ཞིག

པར་པ་ཨ་ཀ་སྤེན་པ།



