ཡོང་ཁུངས་དུས་བབ་གསར་ཁང་ནས།
ཟླ་
ཕྱི་ ཚེས་ ༡༧ ཉིན་ དཀར་ མཛེས་ ཁང་ དམར་ དགོན་ གྱི་ རང་ ལོ་ ༢༢ ཡིན་ པའི་ གྲྭ་ རིན་ ཆེན་ རྒྱ་ མཚོ་ དང༌། རང་ ལོ་ ༢༡ ཡིན་ པའི་ གྲྭ་ བླ་ མ་ ཚེ་ རིང་ རྣམ་ གཉིས་ ཀྱིས་ དཀར་ མཛེས་ རྫོང་ ཐོག་ ཏུ་ རྒྱ་ གཞུང་ ལ་ ངོ་ རྒོལ་ སྐད་ འབོད་ བྱས་ ཏེ་ ཉེན་ རྟོག་ པས་ འཛིན་ བཟུང་ བྱས་ ཡོད་ འདུག
ཕྱི་ ཚེས་ ༡༨ ཉིན་ གྱི་ ཞོགས་ པའི་ ཆུ་ ཚོད་ ༦ པ་ ཙམ་ ལ་ ཉ་ རྒྱས་ དགོན་ གྱི་ བཙུན་ མ་ བློ་ བཟང་ དབྱངས་ མཚོ་ དང་ བློ་ བཟང་ མཁའ་ འགྲོ། འཕྲིན་ ལས་ སྒྲོལ་ མ་ གསུམ་ གྱིས་ དཀར་ མཛེས་ རྫོང་ ཐོག་ ཏུ་ ཞི་ བའི་ སྐད་ འབོད་ བྱས་ ཏེ། རྒྱ་ གཞུང་ གི་ ཉེན་ རྟོག་ པས་ ཉེས་ རྡུང་ ཚད་ མེད་ གཏོང་ བཞིན་ འཛིན་ བཟུང་ བྱས་ ཡོད་ འདུག
ཕྱི་ ཚེས་ ༡༩ ཉིན་ དགའ་ ལྡན་ ཆོས་ གླིང་ དགོན་ གྱི་ བཙུན་ མ་ བཀྲ་ ཤིས་ སྒྲོལ་ དཀར་ དང་ བཙུན་ མ་ ཕུན་ ཚོགས་ སྒྲོལ་ མ་ རྣམ་ གཉིས་ དང༌། དཀར་ མཛེས་ དགོན་ གྱི་ གྲྭ་ དབང་ དབྱངས་ བཅས་ ཀྱིས་ དཀར་ མཛེས་ རྫོང་ ཐོག་ ཏུ་ ཞི་ བའི་ ངོ་ རྒོལ་ སྐད་ འབོད་ གནང་ སྟེ་ ཅུང་ ཙམ་ ལས་ མ་ འགོར་ བར་ རྒྱ་ གཞུང་ གི་ ཉེན་ རྟོག་ པ་ བསླེབས་ ཏེ་ འཛིན་ བཟུང་ བཙན་ འཁྲིད་ བྱས་ ཡོད་ འདུག
ཕྱི་ ཚེས་ ༢༠ ཉིན་ དཀར་ མཛེས་ དགའ་ ལྡན་ ཆོས་ གླིང་ དགོན་ པའི་ བཙུན་ མ་ བཅུ་ གཉིས་ ལྷ་ མོ་ ལགས་ ཀྱིས་ དཀར་ མཛེས་ རྫོང་ ཐོག་ ཏུ་ བོད་ ཀྱི་ རྒྱལ་ དར་ འཕྱར་ ཏེ་ ཞི་ རྒོལ་ བྱས་ བར། དེ་ མ་ ཐག་ རྒྱ་ གཞུང་ གི་ ཉེན་ རྟོག་ པ་ འབྱོར་ ཏེ་ འཛིན་ བཟུང་ བྱས་ ཡོད་ འདུག
ད་ ཆར་ དགོན་ སྡེ་ ཁག་ གི་ གྲྭ་ བཙུན་ ཚོ་ ཡར་ མར་ འགྲོ་ སྐྱོད་ བཀག་ སྡོམ་ བྱས་ ཡོད་ པ་ མ་ ཟད། ཛ་ དྲག་ ནད་ མནར་ སོགས་ བྱུང་ སྟེ་ དཀར་ མཛེས་ རྫོང་ ཐོག་ ཏུ་ འགྲོ་ དགོས་ བྱུང་ སྐབས། ས་ གནས་ ཞང་ སྲིད་ གཞུང་ གི་ ཐོ་ འགོད་ རྒྱབ་ གཉེར་ ཡི་ གེ་ དགོས་ པ་ མ་ ཟད། འགན་ ལེན་ མི་ སྣ་ གཅིག་ བཅས་ མཉམ་ འཁྲིད་ མེད་ ཚེ་ འཛིན་ བཟུང་ བྱ་ རྒྱུ་ ཡིན་ པའི་ ཉེན་ བརྡ་ ཡང་ བཏང་ ཡོད་ འདུག
རྒྱ་ གཞུང་ གི་ ཕྱིར་ བསྒྲགས་ ལྟར་ ན། དཀར་ མཛེས་ བོད་ རིགས་ རང་ སྐྱོང་ ཁུལ་ ནི། རྒྱལ་ ཡོངས་ སུ་ ཆེས་ ཐོག་ མར་ བཙུགས་ པའི་ ཆེད་ ཁུལ་ རིམ་ པའི(专区级)མི་ རིགས་ རང་ སྐྱོང་ ཁུལ་ ཞིག་ ཡིན་ པ་ དང༌། ཟི་ ཁྲོན་ ཞིང་ ཆེན་ གྱི་ ནུབ་ ཁུལ་ དང་ མདོ་ དབུས་ མཐོ་ སྒང་ གི་ ཤར་ ལྷོའི་ མཚམས་ སུ་ ཆགས་ ཡོད་ ལ། མངའ་ ཁུངས་ ཀྱི་ སྤྱིའི་ རྒྱ་ ཁྱོན་ ལ་ སྤྱི་ ལེ་ གྲུ་ བཞི་ མ་ འབུམ་ གཅིག་ དང་ ཁྲི་ ལྔ་ སྟོང་ གསུམ་ ༡༥༦༠༠༠ ཙམ་ ཡོད་ པ་ དང༌། ༢༠༠༦ ལོའི་ ལོ་ མཇུག་ བར་ དུ་ ཁུལ་ ཡོངས་ སུ་ ཁྱོན་ སྡོམ་ མི་ གྲངས་ འབུམ་ དགུ་ ཁྲི་ གསུམ་ དང་ ལྔ་ བརྒྱ་ ༩༣༠༥༠༠ ཡོད་ པ་ དང༌། དེའི་ ནང་ དུ་ བོད་ རིགས་ འབུམ་ བདུན་ དང་ ཁྲི་ གསུམ་ སྟོང་ གཉིས་ ༧༣༢༠༠༠ ཡོད་ པས་ སྤྱིའི་ མི་ གྲངས་ ཀྱི་ བརྒྱ་ ཆའི་ བདུན་ ཅུ་ དོན་ བརྒྱད་ དང་ གྲངས་ ཆུང་ བདུན་ ཟིན་ ཡོད། ཁུལ་ གཏོགས་ རྫོང་ ཁག་ བཅོ་ བརྒྱད་ ཡོད་ པའི་ ནང་ གི་ མང་ ཆེ་ བ་ ཁམས་ པའི་ སྡེ་ ཡིན་ པས་ བོད་ ཀྱི་ ལོ་ རྒྱུས་ འཕེལ་ རིམ་ ཁྲོད་ དུའང་ ཁམས་ ཡུལ་ དུ་ འབོད་ བཞིན་ ཡོད། ཅེས་ བཀོད་ འདུག
