༄༅། །བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་ཁག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་ ༡༩ པའི་དབུས་རྒྱུན་རྒྱལ་ཡོངས་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ དང།
དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ གཉིས་ལ་རིམ་བཞིན་གནང་མཚམས་འོས་ཐོན་དབུས་རྒྱུན་རྣམས་ཀྱིས་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་སྒྲིག་གསལ་དམ་འབུལ་གྱིས་དབུས་རྒྱུན་ནང་ཁུལ་འོས་འདེམས་གནང་བ་ལྟར། ཚོགས་གཙོ་སྤྱི་ཟུར་གླིང་ཚང་པདྨ་བདེ་ལེགས་དང། ཚོགས་གཞོན་སྤྱི་ཟུར་གྲའུ་ཚེ་བརྟན་དང། ནང་ཆེན་ཨ་རྡོ། དྲུང་ཆེ་སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། དྲུང་གཞོན་སྒོ་མང་དགེ་བཤེས་ངག་དབང་བློ་བཟང། དངུལ་གཉེར་སྐྱུ་ར་དཔལ་རྡོ། མཐུན་འབྲེལ་འགན་འཛིན་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་བཅས་སུ་གཏན་འཁེལ་ཡོད་པ་དང། རྒྱུན་ལས་གཞན་རྣམས་ནི། ཀརྨ་མཁས་གྲུབ་དང། སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ། བློ་གླིང་གོ་བོ་བློ་བཟང་ཕན་བདེ། འཇུ་ཆེན་བཀྲ་ཤིས་དཔལ་འབྱོར་བཅས་ཡིན་པ་རེད།



