རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དུས་བབ་དྲ་བ་ནས།

བོད་མི་གསུམ་འཛིན་བཟུང་

རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་འབོད་བྱེད་མཁན་གྱི་བོད་མི་གསུམ་འཛིན་བཟུང་བྱས་ཏེ་ད་ཆར་གར་ཤེས་རྟོགས་མེད་པ་ཆགས་ཡོད་འདུག   






ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩ ཡས་མས་སུ་དཀར་མཛེས་རྫོང་དར་རྒྱས་དགོན་པའི་ཉེ་ཁུལ་དུ་ཡོད་པའི་རི་མགོ་གྲོང་རུ་ཁག་བརྒྱད་པའི་ངག་དབང་ཕུན་ཚོགས་དང་བསམ་འཕེལ་དོན་འགྲུབ། བློ་བཟང་ཕུན་ཚོགས་བཅས་བོད་མི་གསུམ་གྱིས་རྫོང་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་ད་ཆར་ཁོང་ཅག་གི་ནང་མི་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་སེམས་འཁྲལ་གནང་བཞིན་ཡོད་འདུག  
ཐེངས་འདིར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རང་ལོ་ ༣༤ ཡིན་པའི་ངག་དབང་ཕུན་ཚོགས་ལགས་ནི། ཕ་དགེ་འདུན་བཀྲ་ཤིས་དང་མ་ཚེ་འདས་ཡེ་ཤེས་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་དང་། སྔོན་མར་བཙན་བྱོལ་དུ་ཡོང་སྟེ་ལྷོ་ཕྱོགས་སེ་ར་དགོན་པར་སློབ་གཉེར་གནང་འདུག་ལ། ཕྱིར་བོད་ནང་ལོག་རྗེས་གཉེན་སྒྲིག་བྱས་ཏེ་ཕྲུ་གུ་གཉིས་ཡོད་འདུག
རང་ལོ་ ༢༣ ཡིན་པའི་བསམ་འཕེལ་དོན་འགྲུབ་ལགས་ནི། དཀར་མཛེས་རྫོང་ལམ་སྣ་གྲོང་ཚོའི་ཕ་ཤེས་རབ་རྒྱ་མཚོ་དང་མ་དབྱང་ཅན་ལྷ་མོ་གཉིས་ཀྱི་བུ་ཡིན་འདུག རང་ལོ་ ༡༧ ཡིན་པའི་བློ་བཟང་ཕུན་ཚོགས་ལགས་ནི། དཀར་མཛེས་རྫོང་རི་མགོ་གྲོང་ཚོའི་ཕ་དཀོན་མཆོག་ཚེ་བརྟན་དང་མ་ཚེ་འདས་དབང་ཕྱུག་གཉིས་ཀྱི་བུ་ཡིན་འདུག  
ཁོང་གསུམ་ལས་གཞན། དཀར་མཛེས་ནོར་འཛིན་གྲོང་ཚོའི་བློ་བཟང་ལྷུན་གྲུབ་དང་། གཞན་མིང་གསལ་ཁ་མེད་པའི་བོད་མི་གཅིག་བཅས་ཀྱིས་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་སྟབས། ཉེན་རྟོག་པས་ཁྲོམ་གཞུང་ནས་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ་བཙན་འཁྲིད་བྱས་ཡོད་འདུག