རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་མི་ཞིག་འཛིན་བཟུང་།


༢༠༡༡/༠༨/༠༢ ལ་དུས་བབ་གསར་ཁང་ནས།

ཁམས་དཀར་མཛེས་ཁུལ་གྱི་བོད་མི་དངོས་གྲུབ་ལགས་ཀྱིས་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས། ཞེས་
སྐད་འབོད་བརྒྱབ་སྟེ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག  
ཟླ་སྔོན་མའི་ཕྱི་ཚེས་  ༢༩ ཉིན་དཀར་མཛེས་རྫོང་ཉག་རོང་མཐའ་གྲོང་ཚོ་ནས་ཡིན་པའི་དངོས་གྲུབ་ལགས་ཀྱིས་དཀར་མཛེས་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་སྐེ་ལ་འཁུར་ཏེ། ༸གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་སྐོར་བྱས་སྐབས་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག  
འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་རང་ལོ་ ༢༣ ཡིན་པའི་དངོས་གྲུབ་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་ལྟར། ཉིན་ཤས་སྔོན་ཁོང་གི་བཟའ་ཟླས་ཁྲོམ་གཞུང་དུ་སྐད་འབོད་བྱས་ཏེ་འཛིན་བཟུང་རྗེས། ཕྱི་ཚེས་ ༢༩ ཁོང་གིས་སྐད་འབོད་བྱས་ཡོད་འདུགལ། སྐབས་དེར་ས་གནས་ཉེན་རྟོག་འབྱོར་ཏེ་གཅར་རྡུང་བྱས་ཏེ་དྲན་པ་མ་འཐོར་བར་སྐད་འབོད་བྱས་ཡོད་ཚུལ་ས་གནས་བོད་མི་ཚོས་བརྗོད་ཡོད།   
གསར་འགོད་པ། དོན་གོ