དུས་བབ་གསར ཁང་ནས།
རྒྱ་
ཨེ་ ཤ་ ཡ་ རང་ དབང་ རླུང་ འཕྲིན་ ཁང་ གི་ བལ་ ཡུལ་ གསར་ འགོད་ པ་ ཀླུ་ འབུམ་ བཀྲ་ ཤིས་ ལགས་ སུ་ བོད་ ནས་ ཁ་ པར་ བརྒྱུད་ གནས་ ཚུལ་ མཁོ་ སྤྲོད་ གནང་ བ་ ལྟར་ ན།འདི་ ལོ་ ཕྱི་ ཟླ་ ༣ པའི་ ནང་ རྒྱ་ ནག་ གཞུང་ གིས་ མདོ་ སྨད་ བླ་ བྲང་ དགོན་ པར་ དམ་ དྲག་ བྱས་ སྐབས་ གསང་ སྟབས་ ཀྱིས་ འཛིན་ བཟུང་ བཀག་ ཉར་ བྱས་ ཡོད་ པའི་ གྲྭ་ ཀླུ་ གཅོད་ པ་ བསྟན་ འཛིན་ རྒྱ་ མཚོ་ ལགས། ཕྱི་ ཟླ་ ༥ ལྷག་ གི་ རིང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཅི་ ཡང་ ཤེས་ རྟོགས་ བྱུང་ མེད་ ཀྱང་ ། ཟླ་ སྔོན་ མའི་ ཕྱི་ ཚེས་ ༡༠ཡས་ མས་ སུ་ ས་ གནས་ ཉེན་ རྟོག་ ལས་ ཁུངས་ ཀྱིས་ ཁོང་ གི་ ནང་ མི་ འབོད་ འགུག་ གིས་ ཁོང་ དངོས་ སུ་ འཛིན་ བཟུང་ བྱས་ ཡོད་ ཚུལ་ བསྒྲགས་ ཡོད་ པར་ མ་ ཟད། མི་ འགྱངས་ པར་ ཁྲིམས་ ཐག་ གཅོད་ རྒྱུ་ ཡིན་ པའི་ བརྡ་ ཡིག་ ཅིག་ གི་ སྟེང་ ལ་ མིང་ རྟགས་ བཀོད་ དུ་ བཅུག་ ཡོད་ འདུག
གྲྭ་ ཀླུ་ གཅོད་ པ་ བསྟན་ འཛིན་ རྒྱ་ མཚོ་ ལགས། འདི་ ལོ་ ཕྱི་ ཟླ་ ༣ པའི་ ཚེས་ ༡༦ ཉིན་ གྱི་ དགོང་ དྲོའི་ ཆུ་ ཚོད་ ༨ ཡས་ མས་ ཤིག་ ལ་ ནག་ ཉེས་ ཅི་ ཡིན་ གསལ་ ཁ་ མེད་ པའི་ ཐོག་ ནས་ ཉེན་ རྟོག་ པས་ གསང་ སྟབས་ ཀྱིས་ འཛིན་ བཟུང་ བྱས་ ཡོད་ ཅིང་ ། ཐེངས་ འདིའི་ ཁོང་ གི་ ཁྲིམས་ གཅོད་ ཀྱི་ བརྡ་ ཡིག་ ནང་ ། ཁོང་ སྔོན་ མར་ ཆབ་ སྲིད་ ཀྱི་ དོགས་ གཞིའི་ འོག་ འཛིན་ བཟུང་ བྱས་ མྱོང་ ཡང་ ། ཁོང་ གིས་ རྒྱལ་ ཁབ་ ཀྱི་ ཁྲིམས་ ལུགས་ བརྩི་ སྲུང་ མ་ བྱས་ པར་ ༢༠༠༨ ལོ་ ནས་ བཟུང་ མདོ་ སྨད་ བླ་ བྲང་ ཡུལ་ གྱི་ ཞི་ རྒོལ་ ཆེན་ མོའི་ སྣེ་ ཁྲིད་ པ་ དང་ རྒྱལ་ སྤྱིའི་ གསར་ འགོད་ པའི་ མདུན་ ནས་ གནས་ ཚུལ་ ངོ་ སྤྲོད་ བྱས་ ཡོད་ ཚུལ། བོད་ ཀྱི་ ལོ་ སར་ སྐབས་ མི་ སྣ་ བསྡུ་ སྐོང་ གིས་ ལོ་ སར་ དང་ འབྲེལ་ བའི་ ལས་ འགུལ་ སྤེལ་ ཡོད་ ཚུལ། རྒྱ་ ནག་ གཞུང་ གི་ མནར་ གཅོད་ འོག་ འདས་ གྲོངས་ སུ་ ཕྱིན་ པའི་ རྒྱ་ གཅེས་ པ་ གྲྭ་ འཇམ་ དབྱངས་ སྦྱིན་ པ་ ལགས་ ཀྱིས་ སྐུ་ གདུང་ སྟེང་ བོད་ ཀྱི་ རྒྱལ་ དར་ བཀལ་ ཏེ་ མྱ་ ངན་ ཞུས་ ཚུལ། ད་ དུང་ བོད་ ཕྱི་ ཕྱོགས་ སུ་ བོད་ མི་ ཚོས་ བཀའ་ བློན་ ཁྲི་ པའི་ འོས་ བསྡུའི་ སྐབས་ གསང་ སྟབས་ ཀྱིས་ ས་ གནས་ བོད་ མི་ ཚོར་ གནས་ ཚུལ་ མཁོ་ སྤྲོད་ དང་ སྐུལ་ སློང་ བྱས་ པ། ༸གོང་ ས་ མཆོག་ གི་ སྐུ་ པར་ མི་ མང་ ནང་ འགྲེམས་ སྤེལ་ བྱས་ ཡོད་ ཚུལ་ སོགས་ ཀྱི་ ནག་ ཉེས་ བགྲངས་ ཡོད་ འདུག
གྲྭ་ ཀླུ་ གཅོད་ པ་ བསྟན་ འཛིན་ རྒྱ་ མཚོ་ ལགས་ ནི། མདོ་ སྨད་ བླ་ བྲང་ དགོན་ པའི་ རྒྱུད་ སྨད་ གྲྭ་ ཚང་ གི་ ཡིན་ ཞིང་ ། སྔོན་ རྒྱ་ གར་ དུ་ ཡོང་ སྟེ་ ལྷོ་ ཕྱོགས་ འབྲས་ སྤུངས་ དགོན་ པའི་ ནང་ སློབ་ གཉེར་ གནང་ མྱོང་ ཡོད་ འདུག་ ལ། ཕྱིར་ བོད་ ནང་ ལོག་ རྗེས་ ས་ བྱི་ ཞི་ རྒོལ་ ཆེན་ མོའི་ ལས་ འགུལ་ དང་ ཆབ་ སྲིད་ ཀྱི་ དོགས་ གཞིའི་ འོག་ སྔ་ ཕྱི་ ཐེངས་ གཉིས་ ལ་ རྒྱ་ ནག་ གཞུང་ གིས་ འཛིན་ བཟུང་ བཙོན་ འཇུག་ བྱས་ ཡོད་ འདུག
གསར་ འགོད་ པ། དོན་ གོ
