འདོན་སྤེལ། ༢༠༡༡/༠༨/༡༣
རྒྱལ་ གཅེས་ དཔའ་ བོ་ འཕྲིན་ ལས་ ལགས་ ལ་ རྒྱ་ གཞུང་ གིས་ ཉེས་ རྡུང་ དྲག་ པོ་ བཏང་ སྟེ་ གཅོང་ ནད་ ཆགས་ རྗེས། ཟླ་ འདིའི་ ཚེས་ ༡༠ ཉིན་ རང་ ཁྱིམ་ ནས་ འདས་ གྲོངས་ སུ་ ཕྱིན་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༡༠ ཉིན་ ཁམས་ དཀར་ མཛེས་ བེ་ རི་ གསེར་ ཁ་ གྲོང་ ནས་ ཡིན་ པའི་ རྒྱལ་ གཅེས་ དཔའ་ བོ་ འཕྲིན་ ལས་ ལགས་ རང་ ཁྱིམ་ དུ་ ནད་ གཅོང་ འོག་ འདས་ གྲོངས་ སུ་ ཕྱིན་ ཡོད་ པ་ དང་ ། ཁོང་ ནི་ ཕྱི་ ལོ་ ༢༠༠༩ ཟླ་ ༤ ནང་ ཁམས་ དཀར་ མཛེས་ ཁུལ་ ཞི་ རྒོལ་ ནང་ ཞུགས་ ཏེ་ རྒྱ་ གཞུང་ གིས་ འཛིན་ བཟུང་ བྱས་ ཡོད་ ཅིང་ ། འདས་ པའི་ ཟླ་ ངོ་ ༧ རིང་ ཉེས་ རྡུང་ མནར་ གཅོད་ དྲག་ པོ་ བཏང་ སྟེ་ རིག་ འཚོ་ མི་ ཟིན་ པའི་ ནད་ གཅོང་ གི་ གནས་ བབ་ ཐོག་ ཀློད་ གྲོལ་ བཏང་ ཡོད་ འདུག
རྗེས་ སུ་ ནང་ མིས་ སྨན་ ཁང་ དུ་ ཁྲིད་ དེ་ བརྟག་ དཔྱད་ བྱས་ སྐབས། ཉེས་ རྡུང་ དྲག་ པོ་ བཏང་ བའི་ རྐྱེན་ གྱིས་ ཀླད་ པར་ སྐྱོན་ བྱུང་ ཡོད་ པ་ ཤེས་ རྟོགས་ བྱུང་ ཡོད་ ཀྱང་ །ནང་ མིའི་ ཆ་ རྐྱེན་ ཧ་ ཅང་ སྐྱོ་ བའི་ གནས་ སྟངས་ འོག་ སྨན་ ཁང་ ཆེ་ སར་ ཁྲིད་ དེ་ སྨན་ བཅོས་ ཀྱི་ མཐུན་ རྐྱེན་ མེད་ སྟབས། ཁོང་ ཕྱིར་ རང་ ཁྱིམ་ དུ་ ཁྲིད་ དེ་ སྨན་ བཅོས་ ལྟ་ རྟོག་ གནང་ ཡོད་ ཀྱང་ ། དྲག་ སྐྱེད་ མ་ བྱུང་ བར་ ལོ་ གཅིག་ ལྷག་ རིང་ ནད་ མནར་ གྱི་ མཐའ་ མར་ འདས་ གྲངས་ སུ་ སོང་ ཡོད་ འདུག
དྷ་ སར་ གནས་ སྡོད་ འཇིགས་ མེད་ ལགས་ ཀྱིས་ འདི་ གར་ གནས་ ཚུལ་ མཁོ་ སྤྲོད་ གནང་ བ་ ལྟར་ ན། རྒྱལ་ གཅེས་ དཔའ་ བོ་ འཕྲིན་ ལས་ ལགས་ གྲོངས་ རྗེས་ སྐུ་ ཕུང་ བྱ་ གཏོར་ བྱས་ ཡོད་ པ་ དང་ ། སྐབས་ དེར་ ཁོང་ གི་ ཀླད་ པར་ ན་ ཚ་ བཟོས་ ཡོད་ པ་ ཙམ་ གཅིག་ པུ་ མ་ ཡིན་ པར། རྒྱ་ གཞུང་ གིས་ ཉེས་ རྡུང་ དྲག་ པོ་ བཏང་ པའི་ རྐྱེན་ གྱིས་ ཁོང་ གི་ རུས་ པའི་ ལྷུ་ ཚིགས་ རྣམས་ ཀྱང་ ནག་ པོར་ གྱུར་ ཡོད་ ཚུལ་ བརྗོད་ བྱུང་ །
ཕ་ བློ་ བུ་ དང་ མ་ རིན་ ཆེན་ སྒྲོལ་ མ་ གཉིས་ ཀྱི་ བུ་ རུ་ སྐྱེས་ པའི་ རྒྱལ་ གཅེས་ དཔའ་ བོ་ འཕྲིན་ ལས་ ལགས་ ནི་ ད་ ལྟ་ རང་ ལོ་ ༢༥ ཡིན་ པ་ དང་ ། ཁོང་ གི་ ཁྱིམ་ དུ་ ཕ་ མ་ གཉིས་ དང་ ། ཆུང་ མ། གཞན་ སྤུན་ མཆེད་ ཆུང་ བ་ གཉིས་ བཅས་ ཡོད་ འདུག
གསར་ འགོད་ པ། ཚེ་ རིང་ རྒྱལ།
