རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག།

བོད་ཀྱི་བང་ཆེན་ནས།

tawo_tsewang
ཟླ་འདིའི་ཚེས་༡༥ སྟེ། དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་༡༠ པ་ཙམ་དུ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་པ། རང་ལོ་༢༩ ལ་སོན་པ་མིང་ལ་ཚེ་དབང་ཟེར་བ་ཞིག་གིས་རྫོང་གི་ལས་ཁུངས་མདུན་དུ་བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་གཏོང་གི་འདུག་སོགས་འཁོད་པའི་ཡིག་ཆ་མང་པོ་བཀྲམ་པ་དང་སྐད་འབོད་རྒྱབ་རྗེས་རང་ལུས་མེར་བསྲེག་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

tawo_tsewang
གྲྭ་པ་དེ་རང་ལོ་༢༩ ལ་སོན་པ་དངོས་མིང་ལ་ཚེ་དབང་ནོར་བུ་དང་། ནམས་རྒྱུན་ཡོངས་གྲགས་སུ་ནོར་ཁོ་ཅེས་འབོད་ཀྱི་ཡོད་པ་རེད། ཁམས་རྟའུ་ལོ་བ་གྲོང་སྡེ་ནས་ཡིན་ལ་ཁོང་གི་ཕ་མིང་ལ་ཚོགས་ལེགས། མ་མིང་ལ་ཤོག་ལེགས་ཟེར་གྱི་ཡོད་པ་རེད།
གྲྭ་པ་དེས་ས་སྣུམ་མང་པོ་འཐུང་བའི་རྐྱེན་གྱིས་ད་ལྟ་རྐྱེན་འདས་སུ་གྱུར་ཟིན་པ་དང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། ད་ལྟ་གྲྭ་པ་དེའི་སྐུ་ཕུང་དགོན་པས་ཉར་ཡོད་ཀྱང། རྒྱ་གཞུང་གི་དམག་མི་དང་དྲག་ཆས་ཉེན་རྟོག་པས་དགོན་པ་ཁྱོན་ཡོངས་སུ་མཐའ་བསྐོར་ཏེ། སྐུ་ཕུང་འཕྲོག་རྩིས་བྱེད་བཞིན་པ་མ་ཟད། རྫོང་ཐོག་མི་སེར་ཚོ་ལའང་དམ་དྲག་ཆེན་པོ་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་ཚུལ་ཐོན་འདུག