རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སྦེལ་ཀོབ་གྷོ་ལཱ་ཐཱ་རུ་ཁག་ལ་ཨང་དང་པོ་ཐོབ།


དུས་བབ་ནས།

ད་ལོའི་རྒྱལ་ཡུམ་ཆེན་མོའིདྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཁྲོད། བྷེལ་ཀོབ་གྷོ་ལཱ་ཐཱ་ལཱ་རུ་ཁག་ལ་ཨང་དང་པོ་དང་། ཀ་ལི་མན་ཊོན་རུ་ཁག་ལ་ཨང་གཉིས་པ་བཅས་ཐོབ་འདུག  
undefinedའདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་མཐའ་མའི་རྟིང་རྩོད་ཀྱི་རྐང་སྤོལ་འགྲན་བསྡུར་དེ། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་  པའི་སྟེང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མགོ་འཛུགས་གནང་ཡོད་ལ། དང་ཐོག་སྦེལ་ཀོབ་ ( Gollathala FC )  རུ་ཁག་དང་རྡེར་རྡུན་ཀ་ལོན་མན་ཊི་རུ་ཁག་གཉིས་ཀྱིས་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱས་ཀྱང་། རུ་ཁག་དེ་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བརྟེན། མཐར་རྩེད་འགྲན་པ་མི་ལྔ་རེ་བྱས་ཏེ་མི་རེ་རེ་བཞིན་སྤོ་ལོ་བླུགས་སྐབས་གྷོ་ལཱ་ཐཱ་ལཱ་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་ཨང་དང་པོ་ཐོབ་སྟེ། ༢༠༡༡ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དང་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ ཙམ་གྱི་བྱ་དགའ་ཐོབ་ཡོད་པ་དང་།  ཀ་ལི་མན་ཊོན་དོན་འགྲུབ་གླིང་རུ་ཁག་གིས་སྤོ་ལོ་ ༢ བླུགས་ཏེ་ཨང་གཉིས་པ་ཐོབ་སྟེ། དངུལ་གྱི་གཟེངས་རྟགས་དང་ཧིན་སྒོར་སུམ་ཁྲི་ ༣༠༠༠༠ ཙམ་གྱི་བྱ་དགའ་བཅས་ཐོབ་ཡོད་འདུག  
ད་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ནང་རུ་ཁག་ ༡༤ ཙམ་ཞུགས་ཡོད་པ་དེ་དག་ནི། ཤི་ལོང་གངས་ལྗོངས་རུ་ཁག་དང་། རྡེར་རྡུན་ཀ་ལི་མན་ཊོན་རུ་ཁག སྦེལ་ཀོབ་གྷོ་ལཱ་ཐཱ་ལཱ་རུ་ཁག བྷེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག བྷེལ་ཀོབ་བོད་ཁྱིམ་རུ་ཁག ཧོན་སུར་རབ་རྒྱས་གླིང་རུ་ཁག ཀོ་ལི་གྷལ་དོན་ལྡན་གླིང་རུ་ཁག ལྷོ་ཕྱོགས་ཅི་ནེལ་རུ་ཁག གྷོ་ཝ་ཁུལ་གྱི་རུ་ཁག ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག ཝ་རཱ་ནཱ་སི་རུ་ཁག ངྷ་རམ་ས་ལ་རུ་ཁག བལ་ཡུལ་རུ་ཁག་བཅས་ཡིན་འདུག
དྲན་རྟེན་གསེར་གྱི་གཟེངས་རྟགས་འགྲན་བསྡུར་དེ་ ༡༩༨༡ ལོར་གསར་དུ་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ལོ་རྗེས་མ་ཕྱི་ལོ ༢༠༡༢ ལོའི་འགྲན་བསྡུར་དེ་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།