རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མཆོད་མེ། ཛ་དྲག་གི་འབོད་སྐུལ།





རང་ལུས་མེར་བསྲེགས་ལས་འགུལ་ཀྱི་སྲོལ་འབྱེད་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་དང་ཚེ་དབང་ནོར་བུ། བློ་བཟང་ཕུན་ཚོགས། བློ་བཟང་དཀོན་མཆོག ཆོས་འཕེལ། མཁའ་དབྱིངས་སོགས་དཔའ་བོ་དག་ལ་མྱ་ངན་དང་གུས་འདུད་ཞུ་ཆེད་དེ་རིང་ནས་བཟུང་མཆོད་མེའི་པར་འདི་ངོ་དེབ་སྟེང་བགོད་རོགས། དེ་ཡང་མཆོད་མེ་འདི་གཅིག་གྱུར་གྱིས་བགོད་ཐུབ་ན་ཡག་པོ་འདུག སྐུ་ཉིད་ལས་འགུལ་འདིར་མོས་མཐུན་ཡོད་ཚེ་དྲ་གྲོགས་གཞན་ལའང་འབོད་སྐུལ་གནང་རོགས། དཀའ་ཚེགས་དང་རྒྱུ་དངོས་ཀྱི་འགྲོ་སོང་མི་དགོས་པའི་ལས་འགུལ་འདིར་ཚང་མ་མཉམ་ཞུགས་གནང་ཐུབ་པའི་རེ་བ་ཡོད། དུས་ཡུན་ཉུང་མཐར་བདུན་ཕྲག་གསུམ་རིང་ཡིན།
ཐོག་མར་ངོ་དེབ་སྟེ་བེད་སྤྱོད་གཏོང་མཁན་བོད་པ་ཡོངས་ཀྱིས་གཅིག་གྱུར་གྱི་མྱ་ངན་མཚོན་ཆེད་མཆོད་མེའི་པར་འདི་ profile སྟེང་བགོད་ཅིང་། དེ་ནས་རིམ་གྱིས་ངོ་དེབ་བེད་སྤྱོད་གཏོང་མཁན་ཡོངས་ལ་འབོད་སྐུལ་ཞུས་ན་ང་ཚོས་ལས་འགུལ་འདི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ཏུ་འགྱུར་སྲིད་ལ། བོད་གངས་ཅན་པའི་ཆེད་དུ་གཤེགས་ཟིན་པའི་དཔའ་བོ་དག་འཛམ་གླིང་གི་མྱ་ངན་ཞུ་ཡུལ་ཞིག་ཏུ་འགྱུར་སྲིད་པ་ཡིན།