རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ནས་ཨེ་ཙིའི་ཉེན་ཁ་ཁྱབ་སྒྲོག་པ་ཆོས་དཔལ་བཟང་པོ་ངོ་སྦྲོར་མདོར་བསྡུས།


གཉན་པོ་གཡུ་རྩེ་དྲ་བ་ནས།
   ཆོས་དཔལ་བཟང་པོ་ལགས་ནི་སྤྱི་ལོ༡༩༧༨ལོར་ཁམས་བྲག་འགོ་རྫོང་གི་སྤང་སྨད་ཡུལ་ཚོ་རུ་སྐྱེས།ལོ་ངོ་བཅོ་ལྔའི་སྟེང་ས་གནས་དེ་གའི་ལྟེ་བའི་སློབ་ཆུང་གི་ལོ་རིམ་བཞི་བའི་སློབ་སྐབས་རྗེས་མར་ཞུགས་ནས་བཟུང་།སྔ་གཞུག་ཏུ་བྲག་འགོ་རྫོང་བོད་ཡིག་སློབ་འབྲིང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་སྡེ་ཁག་གི་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ་བཅས་སུ་སློབ་གཉེར་བྱས།
 ༢༠༠༦ལོར་སློབ་མཐར་ཕྱིན་པ་ནས་ད་བར་ཏུ་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ།མང་ཚོགས་ཀྱི་འཚོ་ཚིས་འཆར་འགོད་བཅས་ཀྱི་ཐད་རྩ་འཛུགས་དང་རོགས་སྐྱོར་བྱེད་པའི་ཝིན་རོག་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་སུ་བྱ་བ་གཉེར་མུས་དང་།སྔ་གཞུག་ཏུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ཚང་དང་མཉམ་དུ་ཨེ་ཙིའི་རིམས་ནད་སྔོན་འགོག་གི་ལྟ་ཞིབ་དང་སྦྱོང་བརྡར།དེའི་སྐོར་ཁྱབ་སྒྲོག་གི་བྱ་བ་བསྒྲུབས་པ་དང་།མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་དང་མཉམ་དུ་གནའ་བོའི་རྫོང་མཁར་རྙིང་བ་ཞིག་གསོ་དང་བསྐྱར་སྐྲུན་སྲུང་སྐྱོབ་སོགས་ཀྱི་བྱ་བཟང་གཉེར།ཁམས་མི་ཉག་ཕྱོགས་ཀྱི་རོང་འབྲོག་མང་ཚོགས་དང་མཉམ་དུ་བོད་ཀྱི་ལག་ཤེས་ཐོན་རྫས་དར་སྤེལ་རྒྱུན་འཛིན་།ངག་ཐོག་རིག་གནས་བསྡུ་སྒྲུག་བྱེད་པ་སོགས་ཀྱི་བྱ་བ་གཉེར།
   ལས་ཞོར་དུ་བོད་ཁུལ་ན་གཞོན་ལས་ཞུགས་རང་འདེམས་མཐུན་ཚོགས་དང་ཁམས་པའི་སྨྱན་མང་དར་སྤེལ་ཚོགས་པ།སྤང་སྨད་ཡུལ་ཚོའི་ཕ་སྐད་སྲུང་སྤེལ་ཚོགས་པ་བཅས་ཀྱི་ནང་ཞུགས་ཏེ།བོད་ཁུལ་གྱི་ལས་སྒུག་ན་གཞོན་ཚོར་ལས་གནས་སྔོག་ཞིབ་དང་གསར་སྤེལ་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་བ་དང་།དྲ་གནས་བཙུགས་པ།ཆེད་དམིགས་འགྲེམ་དེབ་སྤེལ་བ།སྲོལ་རྒྱུན་ཐ་སྙད་བསྡུ་སྒྲུག་བྱེད་པ། ཕ་སྐད་སྲུང་འཛིན་དང་དར་སྤེལ་སྐོར་གྱི་འགྲེམ་དེབ་སྤེལ་བ་སོགས་བྱེད་བཞིན་པས་མ་ཚད། ལྷག་པར་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་བདེ་ཐང་སྐོར་ལ་སེམས་ཁུར་བརྒྱ་ཆེན་གྱིས་དེང་སྐབས་འཛམ་གླིང་ཐོག་ཆེས་འཇིགས་ཉེན་ཆེ་བའི་ཨེ་ཙི་ནད་ངན་སྔོན་འགོག་སྐོར་གྱི་བརྩམས་སྒྲུང་དང་།ཆེད་རྩོམ།བཅར་འདྲི།བརྙན་སྡེར།རྡུང་ལེན་སོགས་ཐབས་ལམ་སྣ་ཚོགས་པས་ནད་ངན་སྔོན་འགོག་གི་ཆེད་ལས་པ་ལྟ་བུར་འབད་འབུངས་གནང་ཕྱིར།ད་ལྟ་ཁོའི་གྲོགས་པོ་ཚོ་དང་མི་མང་པོ་ཞིག་གིས་ཁོ་ལ་ཨེ་ཙི་བླ་མ་ཞེས་འབོད་བཞིན་ཡོད།
 གཞན་ཉིས་སྟོང་བཅུ་ལོའི་དཀར་མཛེས་ཁུལ་གྱི་དྲུག་ཅུའི་ཁུལ་སྟོན་གྱི་གོ་སྐབས་དང་བསྟུན།ཁོས་གཙོ་འགན་པ་(ལག་རོགས་པ་སྨིན་དབུས་པོ་དང་ཨོ་རྒྱན་དོན་གྲུབ)མཛད་དེ་དར་མདོ་རྫོང་གི་སྒོ་བྱང་ཡིག་སྐྱོན་ཅན་༣༡༨ལ་དག་བཅོས་བྱས་པ་སྲིད་གཞུང་ལ་ལེགས་སྐྱེས་སུ་ཕུལ་བ་དང་།གོང་རིམ་གྱིས་ཀྱང་དེར་མཐོང་ཆེན་གནང་སྟེ་དཀར་མཛེས་ཁུལ་དར་མདོའི་སྲང་གི་སྒོ་བྱང་༢༤༠ལ་དག་བཅོས་བསྐྱར་བསྒྲིགས་ཐུབ་པ་དེ་ཁོ་བོར་མཚོན་ན་མི་ཚེའི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད་ཟེར་གྱིན་འདུག་པ་དང་།དེ་མིན་ཕ་ཡུལ་གྱི་བསམ་རྒྱ་དང་མིག་རྒྱང་རིང་བའི་མི་ཆེན་རེ་ཟུང་གི་རོགས་དངུལ་དང་རྒྱབ་སྐྱོར་འོག་ད་ལྟ་རྩོམ་བསྒྱུར་བྱེད་བཞིན་པའི་<<མི་སེར་དཀྱུས་མའི་འཚོ་བའི་ལག་དེབ>>དང་<<དབྱར་རྩྭ་དགུན་འབུ་དང་བོད་མིའི་འཚོ་བ>> <<སྦྲ་ནག་རྒྱུད་ཀྱི་རིག་གནས>>ཞེས་པའི་དེབ་ཆུང་གསུམ་༢༠༡༡ལོར་ཕ་ཡུལ་གྱི་སྤུན་ཟླ་ཚོར་ཕུལ་བའི་ལེགས་སྐྱེས་སུ་འབུལ་རྩིས་སུ་གནང་བཞིན་འདུགམདོར་ན་མི་རིགས་དང་ཕ་མེས་ཀྱིས་ཤུལ་བཞག་རིག་གནས་ལ་གཅེས་ཤེས་ཤིང་།རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།།ཅེས་པའི་ལེགས་བཤད་ཀྱི་རྩ་གནད་དང་དུ་བླངས་ཏེ་རང་ནུས་ཅི་ཡོད་འདོན་བཞིན་པའི་མི་བུ་ལྷག་བསམ་ཅན་འདི་རིགས་ནི་དེང་གི་སྤྱི་ཚོགས་ཁྲོད་ནས་དཔེ་ལེགས་ཅན་དུ་བགྲང་ཆོག་ཆོག་ཅིག་རེད་འདུག་ན།དེང་གི་གསར་སྐྱེས་གཞོན་རབས་པ་ཚོས་ཀྱང་ཆང་རག་དང་དུ་ཆང་ལ་རོལ་བཞིན་ཁ་ཕོ་མཐོན་པོ་རེ་བསྒྲགས་ཏེ་ཉལ་མི་འདུག་པར་འདི་དང་འདི་ལྟ་བུའི་མི་བུ་ལྷག་བསམ་ཅན་གྱི་རིགས་ལ་མིག་དཔེ་མཛད་ན་ཤིན་ཏུ་ལེགས་སྙམ།
ཁོའི་སྐད་ཆའི་ནང་དོན།
ཨེ་ཙི་ནད་ངན་ནི།
འགྲོ་བ་མིའི་འཇིག་རྟེན་གྱི་བདེ་སྐྱིད་ལ་ཆེས་གཟན་པའི་འཆི་བདག་གི་ཕོ་ཉ་ཞིག་རེད།
འདིའི་ཉེན་ཁ་ཕོག་པ་དང་གཞལ་ན།འབྱུང་བཞིའི་གཡོ་འགུལ་གྱིས་གནོད་པ་སྤྱིར་བཏང་དང་མ་ངེས་པ་ཞིག་རེད།
མི་ཡུལ་འདིར་ཆེས་འཇིགས་སུ་རུང་བ་ཞིག་ཡོད་པ་ནི་ཨེ་ཙི་ནད་ངན་རེད།
མི་རང་རང་ལ་འཚོ་བ་དང་བདེ་སྐྱིད་དགོས་ན་ངེས་པར་ཨེ་ཙི་འགོག་ཐབས་ལ་དོ་སྣང་དང་བདེ་ཐང་ལུས་ཁམས་ལ་གཅེས་སྐྱོང་བྱེད་རྒྱུ་གལ་ཆེ་ཟེར།