བོད་ ནང་ གི་ རྩོམ་ པ་ པོ་ ལྔ་ ལ་ མཚོ་ སྔོན་ རྩོམ་ རིག་ བྱ་ དགའ་ དང་ སྐབས་ ལྔ་ བའི་ མཚོ་ སྔོན་ ཞིང་ ཆེན་ ན་ གཞོན་ རྩོམ་ རིག་ བྱ་ དགའ་ ཐོབ་ ཡོད་ འདུག
ཉེ་
ཚོགས་ འདུའི་ སྟེང་ མཚོ་ སྔོན་ ཞིང་ ཆེན་ དམར་ ཤོག་ ཚོགས་ པའི་ རྒྱུན་ ལས་ དང་ དྲིལ་ བསྒྲགས་ སྡེ་ ཚན་ གྱི་ འགན་ འཛིན། རྒྱ་ རིགས་ སྙན་ ངག་ པ་ གྲགས་ ཅན་ ཅི་ ཏེ་ མཱ་ ཅཱས་ བྱ་ དགའ་ ཐོབ་ པའི་ བོད་ རྒྱ་ གཉིས་ ཀྱི་ རྩོམ་ པ་ པོ་ རྣམས་ ལ། མཚོ་ སྔོན་ གྱི་ རྩོམ་ པ་ པོ་ རྣམ་ པས་ རང་ ས་ ལ་ རྐང་ ཚུགས་ པར་ བྱས་ ཏེ་ རིག་ གནས་ རང་ རྟོགས་ དང་ ཡིད་ སྟོན་ འཕེར་ བའི་ འཕེལ་ རྒྱས་ ཁྲོད། མི་ དམངས་ བརྗོད་ སྙིང་ ཡིན་ པའི་ གསར་ རྩོམ་ གྱི་ རྒྱུན་ དེས་ དུས་ རབས་ དང་ སྤྱི་ ཚོགས་ ལ་ མ་ བརྣག་ པའི་ བརྩམས་ ཆོས་ བགྲངས་ ལས་ འདས་ པ་ ཞིག་ བརྩམ་ སྟེ། མཚོ་ སྔོན་ གྱི་ རྩོམ་ རིག་ གྲ་ རྒྱས་ སུ་ གཏོང་ དགོས་ ཚུལ་ དང་ ། མཚོ་ སྔོན་ རྩོམ་ རིག་ གིས་ ཀྲུང་ གོའི་ དེང་ རབས་ རྩོམ་ རིག་ གི་ ས་ མིག་ ཁྲོད་ གོ་ གནས་ གལ་ ཆེན་ ཞིག་ འཛིན་ པར་ འབད་ འབུངས་ བྱ་ དགོས་ པའི་ གཏམ་ བཤད་ གནང་ འདུག
མཚོ་ སྔོན་ རྩོམ་ རིག་ བྱ་ དགའ་ ནི། མཚོ་ སྔོན་ ཞིང་ ཆེན་ གྱི་ རྩོམ་ རིག་ གསར་ རྩོམ་ ཆེད་ ལས་ རང་ བཞིན་ གྱི་ ཆེས་ མཐོའི་ བྱ་ དགའ་ ཞིག་ ཡིན་ ཞིང་ ། དེ་ ནི་ ཞིང་ ཆེན་ དམར་ ཤོག་ ཚོགས་ པའི་ དྲིལ་ བསྒྲགས་ སྡེ་ ཚན་ གྱིས་ མཆོག་ མཆན་ གནང་ བའི་ ཞིང་ ཆེན་ རིམ་ པའི་ བྱ་ དགའ་ ཞིག་ ཡིན་ འདུག་ ལ། ན་ གཞོན་ རྩོམ་ རིག་ བྱ་ དགའ་ ནི། མཚོ་ སྔོན་ ཞིང་ ཆེན་ གྱིས་ ན་ གཞོན་ རྩོམ་ པ་ པོ་ དག་ ལ་ སྐུལ་ ལྕག་ དང་ སྔོག་ འདོན་ ལ་ ཆེད་ དུ་ དམིགས་ ཏེ་ བཙུགས་ པ་ ཞིག་ ཡིན་ པ་ དང་ ། ད་ ལྟའི་ ཆར་ བྱ་ དགའ་ འདི་ གཉིས་ ཞིང་ ཆེན་ རྩོམ་ པ་ པོ་ མཐུན་ ཚོགས་ ཀྱིས་ གཙོ་ གཉེར་ བྱེད་ ཀྱིན་ ཡོད་ འདུག
དུས་བབ་དྲ་བ།
