གཟའ་
འདི་ ལོའི་ ཕྱི་ ཟླ་ ༩ བའི་ ཚེས་ ༡༣ ཉིན་ ཨ་ རིའི་ གྲོང་ ཁྱེར་ ནེའུ་ ཡོག་ ཏུ་ རྟེན་ གཞི་ བྱས་ པའི་ རྒྱལ་ སྤྱིའི་ གསར་ འགོད་ རང་ དབང་ སྲུང་ སྐྱོབ་ ཚོགས་ པས་
(Committee to Protect Journalist) ། ༢༠༡༢ ལོའི་ རྒྱལ་ སྤྱིའི་ གསར་ འགོད་ རང་ དབང་
རྒྱལ་ སྤྱིའི་ རང་ དབང་ སྲུང་ སྐྱོབ་ ཚོགས་ པས་ གསར་ འགོད་ རང་ དབང་ གི་ གཟེངས་ རྟགས་ དེ་ ནི། འཛམ་ གླིང་ ནང་ གསར་ འགོད་ ཀྱི་ ལས་ ཀའི་ ངོ་ བོའི་ ཐོག་ སྡུག་ སྦྱོང་ མནར་ གཅོད་ དང་ བཙོན་ འཇུག འཇིགས་ སྐུལ། ཉེན་ བརྡ་ འབྱོར་ བ་ སོགས་ ཀྱི་ རིགས་ བྱུང་ བའི་ གསར་ འགོད་ པར་ སྤྲོད་ ཀྱིན་ ཡོད་ པ་ ཞིག་ ཡིན་ འདུག་ ལ། འདི་ ལོ་ བོད་ མི་ དོན་ འགྲུབ་ དབང་ ཆེན་ ལགས་ དང་ བྷིར་ ཛལ་ ནས་ ཡིན་ པ་ མའུ་ རེ་ ཀོོ་ ནེཀ་ (Mauri Konig) ། ཁཱ་ ཛ་ ཀི་ སི་ ཐན་ ནས་ ཡིན་ པ་ ཨ་ ཛེམ་ ཇོན་ (Azimjon Askarow)། ལེ་ བྷི་ རེ་ ཡའི་ མའེ་ ཨ་ ཛན་ གྷོ་ (Mae Azango) བཅས་ མི་ བཞིར་ ཕུལ་ ཡོད་ ཀྱང་ ། ཐེངས་ འདིའི་ གཟེངས་ རྟགས་ འབུལ་ འབུལ་ བཞེས་ ཀྱི་ མཛད་ སྒོའི་ ཐོག བྷིར་ ཛལ་ ནས་ ཡིན་ པ་ མའུ་ རེ་ ཀོོ་ ནེཀ་ དང་ ལེ་ བྷི་ རེ་ ཡའི་ མའེ་ ཨ་ ཛན་ གྷོ་ གཉིས་ ལས། ཁཱ་ ཛ་ ཀི་ སི་ ཐན་ ནང་ དཔོན་ རིགས་ ཚོའི་ ལྐོག་ ཟ་ རུལ་ སུངས་ དང་ སྡུག་ སྤྱོད་ སྐོར་ ཕྱིར་ བསྒྲགས་ བྱས་ ཏེ་ ཚེ་ བཙོན་ གྱི་ ཁྲིམས་ ཐག་ བཅད་ ཡོད་ པའི་ གསར་ འགོད་ པ་ ཨ་ ཛེམ་ ཇོན་ དང་ ། རྒྱ་ ནག་ གི་ དབང་ སྒྱུར་ འོག་ ཡོད་ པའི་ བོད་ མི་ ཚོའི་ དཀའ་ སྡུག་ དང་ མངོན་ འདོད་ གློག་ བརྙན་ དུ་ ཕབ་ ལེན་ བྱས་ ཏེ་ ལོ་ ༦ ཁྲིམས་ ཆད་ བཅོན་ འཇུག་ བྱས་ ཡོད་ པའི་ བོད་ མི་ དོན་ འགྲུབ་ དབང་ ཆེན་ གཉིས་ གཟེངས་ རྟགས་ འབུལ་ བཞེས་ ཀྱི་ མཛད་ སྒོར་ མཉམ་ ཞུགས་ གནང་ མ་ ཐུབ་ པར་ སོ་ སོའི་ ནང་ མི་ སོགས་ ཀྱི་ གཟེངས་ རྟགས་ འབུལ་ བཞེས་ གནང་ དགོས་ བྱུང་ ཡོད་ འདུག
ཉེ་ ཆར་ གསར་ འགོད་ རང་ དབང་ གཟེངས་ རྟགས་ ཐོབ་ མཁན་ གྱི་ མིང་ བྱང་ ཁྱབ་ བསྒྲགས་ སྐབས། རྒྱལ་ སྤྱིའི་ གསར་ འགོད་ རང་ དབང་ སྲུང་ སྐྱོབ་ ཚོགས་ པའི་ ཚོགས་ གཙོ་ ཇོལ་ སེ་ མོན་ (Joel Simon) གྱིས། གསར་ འགོད་ པ་ ཁོང་ རྣམ་ པས་ བདེན་ པའི་ ཆེད་ དུ་ རླབས་ ཆེན་ གྱི་ ལས་ དོན་ བསྒྲུབས་ པ་ དེས་ ཁོང་ ཚོ་ ལ་ བློ་ སྟོབས་ བསྩལ་ ཡོད་ པ་ དང་ ། ད་ ལྟའི་ ཆར་ ཁོང་ ཚོའི་ ཁྲོད་ ཀྱི་ ཨ་ ཛེམ་ ཇོན་ དང་ དོན་ འགྲུབ་ དབང་ ཆེན་ གཉིས་ འཇུ་ བཟུང་ བཙོན་ འཇུག་ བྱས་ ཡོད་ སྟབས། རྒྱལ་ སྤྱིའི་ གསར་ འགོད་ རང་ དབང་ སྲུང་ སྐྱོབ་ ཚོགས་ པས་ ཁོང་ གཉིས་ ལ་ རང་ དབང་ མ་ ཐོབ་ བར་ མུ་ མཐུད་ ལས་ འགུལ་ འདྲ་ མིན་ སྤེལ་ རྒྱུ་ ཡིན་ པའི་ གཏམ་ བཤད་ སོགས་ སྤེལ་ ཡོད།
གསར་ འགོད་ པ། དོན་ གོ
དུས་བབ་དྲྭ་བ་ནས།
