རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྡོ་དཀར་མོ་ཞང་དུ་བཙུན་མ་ཞིག་གིས་མེར་བསྲེཊ།


ཁ་སང་གཟའ་ཉི་མའི་ཉིན་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྡོ་དཀར་མོ་ཞང་བར་སྐོར་སྡེ་བའི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག
ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་དགོང་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་བར་སྐོར་སྡེ་བའི་རང་ལོ་༡༧ ཡིན་པའི་ཨ་ནེ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། བར་སྐོར་སྡེ་བའི་ནང་རང་ལུས་མེར་
བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། དེ་རིང་ཞོགས་པར་ས་གནས་སྐྱ་སེར་མི་མང་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་གདན་འདྲེན་གྱིས་ཞུགས་འབུལ་གནང་ཡོད་འདུག 
རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་མོ་ཁོང་གི་ཕའི་མིང་ལ་བསོད་ནམས་རྒྱལ་དང་མའི་མིང་ལ་དོན་འགྲུབ་འཚོ་འབོད་ཀྱི་ཡོད་འདུག རྒྱལ་གཅེས་དཔའ་མོ་ཁོང་ནི་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་ཨ་ནེ་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་འདུག 
དུས་བབ་དྲྭ་བ་ནས།