དེ་ རིང་ ཕྱི་ དྲོ་ བོད་ མདོ་ སྨད་ བླ་ བྲང་ ཨ་ མཆོག་ ཏུ་ བོད་ མི་ ཞིག་ གིས་ རང་ ལུས་ མེར་ བསྲེཊ་ ཀྱིས་ རྒྱ་ གཞུང་ ལ་ ངོ་ རྒོལ་ བྱས་ ཏེ་ སྐུ་ གྲོངས་ འདུག
དེ་ རིང་ ཕྱི་ དྲོ་ བོད་ མདོ་ སྨད་ བླ་ བྲང་ ཨ་ མཆོ ག་ ཞང་ བན་ ཀན་ སྡེ་ བའི་ རང་ ལོ་ ༡༨ ཡིན་ པའི་ རྒྱལ་ གཅེས་ དཔའ་ བོ་ དཀོན་ མཆོག་ ཚེ་ རིང་ ལགས་ ཀྱིས། ཨ་ མཆོག་ རྒྱ་ གར་ གྱི་ གཏེར་ ཁ་ སྔོག་ སའི་ སྒོ་ འགྲམ་ ཏུ་ རང་ ལུས་ མེར་ བསྲ ེགས་ ཀྱིས་ རྒྱ་ གཞུང་ གི་ དྲག་ གནོན་ དབང་ བསྒྱུར་ སྲིད་ ཇུས་ ལ་ ངོ་ རྒོལ་ བྱས་ ཏེ་ སྐུ་ གྲོངས་ འདུག
རྒྱལ་ གཅེས་ དཔའ་ བོ་ ཁོང་ གི་ ཕའི་ མིང་ ལ་ ཚེ་ འཕགས་ སྐྱབས་ ལོ་ ༤༠ དང་ ། མའི་ མིང་ ལ་ མགོན་ པོ་ མཚོ་ ལོ་ ༣༧ ཡིན་ འདུག ཁོང་ གི་ ཕུ་ བོའི་ མིང་ ལ་ དཔལ་ འབྱོ ར་ རྒྱ་ མཚོ་ ཟེར་ ཞིང་ ད་ ལྟ་ གྲྭ་ བ་ ཡིན་ འདུག
རྒྱལ་ གཅེས་ དཔའ་ བོ་ ཁོང་ གི་ ཆུང་ མའི་ མིང་ ལ་ སངས་ རྒྱ ས་ མཚོ་ ཟེར་ ཞིང་ ལོ་ ༡༩ ཡིན་ འདུག
ད་ ལྟ་ ཨ་ མཆོག་ དགོན་ པའི་ གྲྭ་ བ་ མང་ པོ་ རྒྱལ་ གཅེས་ པ་ ཁོང་ གི་ ཁྱིམ་ དུ་ སྨོན་ ལམ་ གསུང་ གི་ ཕེབས་ ཡོད་ པ་ དང་ ། ས་ གནས་ མི་ མང་ ཡང་ མང་ པོ་ འབྱོར་ བཞིན་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
