རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གསུམ་བཅུའི་དུས་དྲན་གཞི་རྒྱ་ཆེ་བ་སྤེལ་འཆར།


གཟའ་སྤེན་པའི་ཉིན་སྤེལ་ལྗམ་གྲོང་ཁྱེར་ཨན་ཁྲི་ཝར་ཕཱན་དུ། ཡུ་རོབ་ནང་འཆར་ལོ་གསུམ་བཅུའི་དུས་དྲན་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཐད་ཚོགས་འདུ་ཚོགས་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཁྲིར་ཝར་ཕཱན་དུ། ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལས་འགུལ་ཚོགས་པ་ཁག་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་རྣམས་ལྷན་འཛོམས་ཐོག
འཆར་ལོའི་གསུམ་བཅུའི་དུས་དྲན་སྐབས་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་ལས་འགུལ་ཚོགས་པ་ཁག་མཉམ་འབྲེལ་གྱི་སྒོ་ནས།  སྤེལ་ལྗམ་རྒྱལ་ས་སྦར་སིད་ནང་གཞི་རྒྱ་ཆེ་བའི་ལས་འགུལ་ཅིག་སྤེལ་རྒྱུའི་ཐད་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་ཡོད་འདུག
སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་དོན་ལྟར་ན། གྲོས་བསྡུར་ཚོགས་འདུ་དེའི་སྟེང་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག སྤེལ་ལྗམ་དང་དབྱིན་ལན། ཧོ་ལན་ཊི། ཧྥ་རན་སི། ཨི་ཊ་ལིས། སི་པན། སུད་སི། པོ་ལན་ཏྲི། འཇར་མན། ནོར་ཝེ་བཅས་ཡུ་རོབ་རྒྱལ་ཁབ་ཁག་བཅུའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ། དེ་བཞིན། བོད་དོན་ལས་འགུལ་ཚོགས་པ་སྤེལ་ལྗམ་ས་གནས་གཞོན་ནུ་དང་ས་གནས་ཆུ་སྒང་། སིད་སུ་མི་རབས་གསར་བའི་མཐུན་ཚོགས། རྒྱ་བོད་མཛའ་འབྲེལ་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་སྐུ་ཚབ་བཅས་འཐུས་ཚབ་མི་སྣ་༣༠ ཙམ་འདུ་འཛོམས་བྱུང་ཡོད་འདུག
ཚོགས་འདུའི་ཐོག་འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་ཚགས་ཚུད་ཡོང་ཆེད། ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་མི་གཏན་འབེབས་དང་། དུས་དྲན་སྲུང་གཙི་དང་འབྲེལ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་ནང་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ། རྒྱ་ནག་གི་དཔོན་རིགས་གསར་བར་དགོས་འདུན་ཞུ་ཡིག་གཏོང་རྒྱུ་བཅས་གྲོས་ཆོད་ཁག་བཅུ་ཙམ་བཞག་ཡོད་འདུག ཐེངས་འདིའི་ཚོགས་འདུར་དངོས་སུ་ཚོགས་བཅར་ཐུབ་མེད་པའི་ཨོ་སི་ཁྲི་རི་ཡ་དང་ཊན་མག སུད་ཝེ་ཏན། ཨེ་ཤར་ལན་ཊི་བཅས་ཀྱི་བོད་རིགས་ཚོགས་པ་ཁག་གིས་ཀྱང་ཚོགས་འདུའི་ཐག་གཅོད་ལ་རྒྱབ་སྐོར་ཀྱི་བརྡ་ལན་ཕུལ་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།