རྒྱ་
རྒྱ་ གཞུང་ གིས་ ༢༠༠༨ ལོའི་ ཕྱི་ ཟླ་ ༣ ཚེས་ ༡༠ ཉིན་ འབྲས་ སྤུངས་ དགོན་ པའི་ གྲྭ་ པ་ ཚོས་ ཞི་ བའི་ སྐད་ འབོད་ བྱས་ པར་ རྐྱེན་ བྱས་ ཏེ། སྐབས་ དེར་ དམག་ མི་ འགྲེམས་ འཇོག་ གིས་ ནང་ མི་ ཕྱི་ དང་ ཕྱི་ མི་ ནང་ དུ་ མ་ བཏང་ བར་ གྲྭ་ བ་ ཚོར་ བཀག་ སྡོམ་ དང་ ། དགེ་ འདུན་ པ་ རྣམས་ གང་ བྱུང་ འཛིན་ བཟུང་ གཅར་ རྡུང་ ། ཁམས་ དང་ ཨ་ མདོའི་ ཕྱོགས་ ཀྱི་ གྲྭ་ བ་ ཚོ་ ཕྱིར་ ཕུད། ཁག་ ཅིག་ ལ་ དུས་ བཀག་ བཙོན་ འཇུག་ གི་ ཁྲིམས་ ཐག་ བཅད་ དེ་ གཞིས་ རྩེ་ ཉ་ རི་ དང་ ལྷ་ སའི་ ཆུ་ ཤུར་ བཙོན་ ཁང་ དུ་ བཅུག་ ཡོད་ པ་ ལྟར། སྐྱེས་ ཡུལ་ ལྷ་ ས་ གྲོང་ ཁྱེར་ འཕན་ པོ་ ལྷུན་ གྲུབ་ རྫོང་ མཚོ་ སྟོད་ ཤང་ ནས་ ཡིན་ ཞིང་ ། རང་ ལོ་ ༥༨ ཡིན་ པའི་ འབྲས་ སྤུངས་ བློ་ གསལ་ གླིང་ གི་ དགེ་ བསྐོས་ འཇམ་ དཔལ་ དབང་ ཕྱུག་ ལགས། རྒྱ་ གཞུང་ གིས་ ༣༡༤ དོན་ རྐྱེན་ གྱི་ མི་ སྣ་ གཙོ་ བོ་ ཡིན་ ཚུལ་ གྱི་ དཔང་ རྟགས་ ཅི་ ཡང་ མེད་ པའི་ ཐོག་ ཚེ་ བཙོན་ གྱི་ ཁྲིམས་ ཐག་ བཅད་ དེ་ བཙན་ ཁྲིད་ བྱས་ རྗེས། ནང་ མི་ ཉེ་ འབྲེལ་ དང་ གྲྭ་ བ་ ཚོས་ བརྩད་ གཅོད་ བྱས་ ཀྱང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ མ་ ཤེས་ པར་ ལྷག་ ཡོད་ འདུག
དེ་ བཞིན། འབྲས་ སྤུངས་ དགོན་ པའི་ དཔེ་ ཁྲིད་ དགེ་ རྒན་ སི་ ཁྲོན་ རྔ་ བ་ མཛོ་ དགེ་ རྗོང་ ཐེ་ བུ་ ནས་ ཡིན་ ཞིང་ ། རང་ ལོ་ ༤༤ ཡིན་ པའི་ གྲྭ་ དཀོན་ མཆོག་ ཉི་ མ་ ལགས། རྒྱ་ གཞུང་ གིས་ ༣༡༤ དོན་ རྐྱེན་ གྱི་ གཏེ་ བོ་ ཡིན་ པའི་ ཉེས་ འཛུཊ་ འོག ལོ་ ༢༠བཙོན་ འཇུག་ ཁྲིམས་ ཐག་ དང་ ལོ་ ༥ ཆབ་ སྲིད་ དབང་ ཆ་ འཕྲོག་ ཡོད་ པའི་ གསལ་ བསྒྲགས་ དང་ འཛིན་ བཟུང་ བཙན་ ཁྲིད་ བྱས་ རྗེས། ད་ ལྟ་ ཆར་ ཡང་ ཁོང་ བཙོན་ ཁང་ གང་ དུ་ བཀག་ ཉར་ བྱས་ ཡོད་ མེད་ དང་ གཟུགས་ པོའི་ གནས་ སྟངས་ སོགས་ ཞིབ་ ཕྲའི་ གནས་ ཚུལ་ ཅི་ ཡང་ མ་ ཤེས་ པར་ ལྷག་ ཡོད་ འདུག
སྐབས་ དེར་ གྲྭ་ པ་ ཁོང་ གཉིས་ དང་ ཉིན་ གཅིག་ དུས་ གཅིག་ ལ་ དོན་ རྐྱེན་ དེར་ ཁ་ གཡར་ ཏེ་ འཛིན་ བཟུང་ བྱས་ པའི་ སྐྱེས་ ་ ཡུལ་ ལྷ་ ས་ ཤ་ སར་ ཟུར་ ནས་ ཡིན་ པ་ དང་ །རང་ ལོ་ ༤༢ ཡིན་ པའི་ འབྲས་ སྤུངས་ སྔགས་ པ་ གྲྭ་ ཚང་ གི་ དཔེ་ ཁྲིད་ དགེ་ རྒན་ ངག་ དབང་ ཆོས་ ཉིད་ ལགས་ ལ། དུས་ ཡུན་ ལོ་ ༧ ཁྲིམས་ ཐག་ བཅད་ རྗེས་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཤེས་ མེད་ ཀྱང་ ། ཉེ་ སྔོན་ ཁོང་ ཆུ་ ཤུར་ རྫོང་ སྙེ་ ཐང་ བཙོན་ ཁང་ དུ་ བཙོན་ འཇུག་ བྱས་ ཡོད་ པ་ དང་ ། ཁོང་ དང་ མཉམ་ དུ་ འབྲས་ སྤུངས་ དགོན་ པའི་ གྲྭ་ བུ་ ཆུང་ དང་ ཆོས་ འཕེལ། ཟླ་ གྲགས་ བཅས་ བཙོན་ འཇུག་ བྱས་ ཡོད་ སྐོར་ བོད་ ནས་ འབྲེལ་ ཡོད་ ཅིག་ གིས་ གསར་ ལམ་ དུ་ བརྗོད་ ཡོད།
གསར་ འགོད་ པ། དོན་ གོ
དུས་བབ་དྲྭ་བ་ནས།
