རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གཟུངས་འདུས་སྐྱབས་ལན་ཀྲོའུ་སྨན་ཁང་དུ་འདུག


བོད་མདོ་སྨད་ཀན་ལྷོ་འབོ་རའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལཊ་ལན་ཀྲོའུ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ།  ཉེ་ལམ་ཉེན་རྟོག་པ་དང་སྨན་པས་ཁོང་གསོན་པོར་གནས་ཆེད་རྐང་པ་གཉིས་གཅོད་དགོས་ཚུལ་བཤད་ཡོད་འདུག
 བསང་ཆུ་འབྲུག་བྷེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མདོ་སྨད་ཀན་ལྷོ་འབོ་རའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་བྱས་རྗེས། ས་གནས་ཉེན་རྟོག་པས་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་སྨན་ཁང་དུ་འཁྱེར་བ་དང་། ཕྱིས་སུ་འགན་ལེན་བྱེད་མ་ཐུབ་པར་ལན་ཀྲོའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འཁྲིད་དེ་སྨན་བཅོས་བྱེད་ཀྱིན་པ་ཤེས་ཡོད་ཀྱང་།  ཉེ་ཆར་ཉེན་རྟོག་པ་དང་སྨན་པས་ཁོང་གི་ཕ་མ་གཉིས་འབོད་འགུག་གིས་གཟུངས་འདུས་སྐྱབས་ལགས་གསོན་པོར་གནས་ཆེད་རྐང་པ་གཉིས་གཅོད་དགོས་ཚུལ་དང་། དེ་ལ་ཕ་མ་གཉིས་ཀྱིས་མཚན་རྟགས་བཀོད་དགོས་ཚུལ་བཤད་ཡོད་པ་མ་ཟད། ཕ་མ་གཉིས་ཀར་གཟུངས་འདུས་སྐྱབས་ལགས་དང་དངོས་སུ་ཐུག་འཕྲད་བྱེད་མ་བཅུག་པར་ཕྱི་ལོགས་ཀྱི་ཤེལ་སྒོ་ལས་བལྟ་རུ་བཅུག་ཡོད་འདུག
 
གཞན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཀན་ལྷོ་འབོ་རའི་ལྷ་མོ་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་ལྟར། ཉིན་དེའི་ཕྱི་དྲོ་ཁོང་གི་གྲོགས་པོ་པདྨ་ཚེ་དབང་འབོད་པར་ཉེན་རྟོག་པས་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བརྒྱུད་ཨ་མཆོག་ས་གནས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། དུས་དེ་ནས་བཟུང་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་མ་ཟད།  ཉེ་བའི་ཆར་རྒྱ་གཞུང་གིས་ངོ་རྒོལ་གྱི་དོན་རྐྱེན་མི་འབྱུང་ཆེད་འབོ་ར་དགོན་པའི་གྲྭ་བ་དང་སྲིད་གཞུང་གི་ལས་བྱེད་ཆ་བགོས་ཀྱིས་གྲྭ་བ་ཚོར་སྟངས་འཛིན་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག
 
གསར་འགོད་པ། དོན་གོ
དུས་བབ་དྲྭ་བ་ནས།