ཟླ་འདིའི་ཕྱི་ཚེས་ ༦ གི་དགོང་མོར་རྒྱ་གར་རྒྱལ་ས་ལྡི་ལི་ནས་འཇིགས་སུ་རུང་བཙན་གཡེམ་གྱོན་དོན་ཞིག་བྱུང་འདུག
ཕྱི་ཚེས་ ༦ དང་རེས་གཟའ་ཉི་མའི་དགོང་མོར་ཕྱི་བཅོས་གསོ་ཐབས་1 (Physiotherapy) ཀྱི་སློབ་གྲྭར་འགྲིམ་བཞིན་པའི་རང་ལོ་ ༢༣ ཡིན་པའི་སློབ་མ་ཞིག་དང་། བཟོ་སྐྲུན་ (engineering) ལས་རིགས་གཉེར་གྱིན་པའི་ཁོ་མོའི་དགའ་རོགས་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་ལྷོ་རྒྱུད་ཀྱི་ས་ཁེ་ཊི་ Saket ཞེས་པར་ཡོད་པའི་ City Walk Mall ཚོང་ཁང་ཆེན་
མོའི་ནང་ནས་གློག་བརྙན་ལ་བལྟས་ཏེ། ཕྱིར་ལོག་སྐབས་ཐོག་མར་ཁོང་གཉིས་རྐང་གསུམ་ནང་བསྡད་དེ་མེའུ་ནེར་ཁ་ Munirka བར་དུ་ཡོང་བ་དང་། དེ་ནས་སྤྱི་སྤྱོད་རླངས་འཁོར་ནང་བུད་འདུག
ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ་སྤྱི་སྤྱོད་རླངས་འཁོར་ནང་ཁ་ལོ་བ་དང་སྣེ་ཤན་པ་གཉིས་ཚུད་པའི་མི་སྣ་དྲུག་གིས་ཐོག་མར་ཁོང་གཉིས་ལ་ལྕགས་རྒྱུག་གིས་ཚབས་ཆེའི་ཉེས་རྡུང་བཏང་བ་དང་། དེ་ནས་སྐྱེས་པ་བཞི་ཡིས་སྔ་གཞུག་ཏུ་བུ་མོ་དེའི་ལུས་སྟེང་གི་གྱོན་པ་ཡོངས་རྫོགས་ཕུད་དེ་རེ་རེ་བཞིན་བཙན་གཡེམ་བཏང་ཡོད་པར་མ་ཟད། མཇུག་མཐར་བུ་མོ་དེའི་མོ་མཚན་ནང་ལྕགས་རྒྱུག་བརྫངས་པ་སོགས་མི་སྤྱོད་ལས་འདས་པའི་ཚབས་ཆེའི་རྡུང་རྡེག་ཕོག་པས། བུ་མོ་དེའི་མོ་མཚན་དང་ཁོག་གི་རྒྱུ་མ་བཅས་ལ་ཚབས་ཆེའི་རྨས་སྐྱོན་ཕོག་སྟེ་ཚེ་སྲོག་ལ་འཇིག་ཉེན་ཆེན་པོ་འཕྲད་འདུག
གོང་བརྗོད་མི་སྣ་དྲུག་གིས་འགྲོ་སྐྱོད་བྱེད་ཀྱིན་པའི་སྤྱི་སྤྱོད་རླངས་འཁོར་ནང་བུད་མེད་དེར་བཙན་གཡེམ་བཏང་རྗེས་ཁོ་མོ་དང་ཁོ་མོའི་དགའ་རོགས་གཉིས་ Mahipalpur flyover ཞེས་པའི་ས་གནས་ནས་སྤྱི་སྤྱོད་རླངས་འཁོར་ལས་ཕྱིར་གཞུང་ལམ་འགྲམ་དུ་གཡུགས་ཏེ་ཕྱིན་ཡོད་པ་དང་། སྐབས་དེར་བུ་མོ་དེའི་ལུས་སྟེང་དུ་གྱོན་གོས་ལག་མཐིལ་ཙམ་ཞིག་ཀྱང་མེད། ཁོང་གཉིས་རླངས་འཁོར་ལས་ཕྱིར་གཡུགས་ཏེ་ཆུ་ཚོད་གཅིག་གི་རྗེས་ནས་མ་གཏོགས་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་ཐོན་མེད་སྟབས། བུད་མེད་དེ་དེ་གར་དམར་ཧྲེང་མར་ལུས་འདུག
དེའི་རྗེས་ཉེན་རྟོག་པ་འབྱོར་ཏེ་མཚན་དཀྱིལ་དེར་ཁོང་གཉིས་ AIIMS Trauma Center for medical help ཞེས་པའི་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱས་ཡོད། བུ་མོ་དེའི་མཚན་མའི་གཡས་གཡོན་དང་ཁོག་པའི་ནང་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་སྟབས་ཅུང་མ་འགོར་བར་བུ་མོ་དེ་ Safdarjung Hospital ཞེས་པའི་སྨན་ཁང་ནང་དབོར་འདྲེན་བྱས་འདུག
ས་གནས་ Vasant Vihar ཉེ་རྟོག་སྡེ་ཁག་གི་ཉེན་རྟོག་པས་བཙན་གཡེམ་གྱོན་དོན་འདི་ཁྲིམས་ལུགས་སྡེ་ཚན་ 376 G འོག་ཏུ་ཐོ་འགོད་བྱས་ཡོད་འདུག
བུ་དེས་བཤད་ན་རླངས་འཁོར་ནང་གི་ཁ་ལོ་བ་དང་སྣེ་ཤན་པ་གཙོས་མི་སྣ་དྲུག་ཙམ་གྱིས་ཁོ་རང་ལ་ལྕགས་རྒྱུག་བཞུས་ཏེ་ཚབས་ཆེའི་རྡུང་རྡེག་བཏང་རྗེས་ཁོའི་དགའ་རོགས་མར་བཙན་གཡེམ་བྱས་ཡོད་སྐོར་བརྗོད་འདུག
གསར་གནས་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དགོང་མོར་དེར་ཁོང་གཉིས་ཀྱིས་གློག་བརྙན་ལ་བལྟས་རྗེས། ཁོང་གཉིས་རྒྱལ་ས་ལྡི་ལི་ནུབ་རྒྱུད་ཀྱི་ Munirka ཞེས་པ་ནས་ Uttam Nagar འགྲོ་བའི་ལམ་བར་དུ་ཐེངས་འདིའི་གྱོད་དོན་འདི་བྱུང་བ་དང་། མཇུག་མཐར་ཁོང་གཉིས་ལྡི་ལིའི་ལྷོ་རྒྱུད་ཀྱི་ས་གནས་ Mahipalpur ཞེས་པ་ནས་རླངས་འཁོར་ལས་ཕྱི་ལ་གཡུགས་པ་རེད་ཟེར།
ཉིན་འདི་གར་རྒྱལ་ས་ལྡི་ལི་གཙོས་རྒྱ་གར་གྱི་ས་གནས་ཁག་མང་བོའི་ནང་དུ་ལས་བྱེད་དང་སློབ་ཕྲུག བཟོ་ལས་པ། མང་ཚོགས་སོགས་བུད་མེད་ཀྱིས་སྣེ་ཁྲིད་དེ་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱེད་ཀྱིན་འདུག་ལ། ཁོང་ཚོའི་འབོད་ཚིག་གཙོ་བོ་ “ཕ་མ་རྣམས་ཀྱིས་རང་གི་བུ་ལ་སློབ་གསོ་ཡག་པོ་ཐོངས། བུད་མེད་ལ་བརྙས་བཅོས་དང་མཐོང་ཆུང་། རྡུང་རྡེག བཙན་གཡེམ་བྱེད་པ་མཚམས་ཞོག་” སོགས་འབོད་ཚིག་སྣ་ཚོགས་ཁྱེར་ཏེ་གཅིག་ནས་ཐེངས་འདིར་ཆག་སྒོ་བྱུང་བའི་སློབ་ཕྲུག་བུ་མོ་དེར་གདུང་སེམས་མཉམ་སྐྱེད་དང་། ཕྱོགས་གཞན་ནས་མ་འོངས་པར་དེ་ལྟ་བུའི་དོན་དག་མི་འབྱུང་བའི་ཆེད་དུ་ཡར་ལངས་བྱེད་ཀྱིན་ཡོད་འདུག
དེ་བཞིན་ཁོང་ཁྲོ་དྲགས་པོ་ལངས་པའི་མང་ཚོགས་ཀྱིས་ལག་ཏུ་ཞགས་པ་སོགས་ཁྱེར་ཏེ་ཐེངས་འདིའི་བཙན་གཡེམ་གྱོད་དོན་བཟོ་མཁན་གྱི་སྐྱེས་པ་དེ་དག་སྐེ་ཐག་བརྒྱབ་སྟེ་སྡིག་གསོད་བྱ་དགོས་པའི་སྐོར་བརྗོད་འདུག་ལ། ཁོང་ཚོས་དེ་ནི་མི་སྣ་དེ་དག་གིས་སློབ་ཕྲུག་བུ་མོ་དེར་བཙན་གཡེམ་བཏང་བར་མ་ཟད་མཚན་མའི་ནང་ལྕགས་རྒྱུག་བརྫངས་པ་སོགས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟབས་ཡིན་འདུག
བཙན་གཡེམ་ཐེབས་པའི་བུད་མེད་དེའི་རྨས་སྐྱོན་གྱིས་སྨན་པ་རྣམས་ཧང་སང་བར་བྱས། གདུག་རྩུབ་ཆེ་བའི་མི་དེ་དག་གིས་ཁོ་མོའི་རྒྱུ་མ་དང་ཁྲག་གི་རྩ་སྦུབས་རྣམས་རལ་སྐྱོན་ཐེབས་པ་ཧ་ཅང་ཚབས་ཆེ། རྒྱུ་མར་ཚབས་ཆེའི་རྨས་སྐྱོན་ཕོག་པ་དེ་ནི་སྨན་པ་རྣམས་ཀྱི་སེམས་ཁྲལ་བྱེད་ཡུལ་དུ་གྱུར་འདུག
“ཁོ་མོར་འཛད་མེད་ངང་ཁྲག་བཞུར་གྱིན་འདུག ཡིན་ནའང་ང་ཚོས་ཁོ་མོ་གཤག་བཅོས་ཁང་དུ་མ་ཁྲིད་བར་དུ་ཁོ་མོས་རིག་ཚོར་ཟིན་གྱིན་འདུག” སྨན་པ་རྒན་པ་ཞིག་གིས་དེ་ལྟར་བརྗོད།
སྔོན་འགྲོའི་བརྟག་དཔྱད་བྱས་པ་ལྟར་ན། “ཁོ་མོའི་ཁོག་པ་དང་མཚན་མའི་ནང་ཚབས་ཆེའི་རྨས་སྐྱོན་ཕོག་འདུག དེར་བལྟས་ན་ཁོ་མོར་ཡང་དང་བསྐྱར་དུ་རྩེ་རྣོ་བའི་དངོས་པོ་ཞིག་གིས་ཁོ་མོའི་ཁོག་པའི་སྟེང་བཞུས་འདུག་པར་མ་ཟད། དངོས་པོ་དེའི་ཁོང་མོའི་གསང་གནས་ནང་དུའང་བཅུག་འདུག ཁོ་མོའི་ལུས་གང་སར་རྨས་སྐྱོན་ཕོག་པའི་རྨ་ཤུལ་གྱི་ཁེངས་འདུག ཡིན་ནའང་། གཙོ་བོ་ཁོ་མོའི་རྒྱུ་མར་ཚབས་ཆེའི་རྨས་སྐྱོན་ཕོག་པ་དེས་ཁོ་མོའི་ཚེ་སྲོག་ཀྱང་འཇིག་ཉེན་གྱི་གནས་སུ་གྱུར་འདུག” ཅེས་སྨན་ཁང་གི་སྨན་པའི་འགོ་བ་དང་སྨན་པ་ཨ་ཐན་ནིས་ (B D Athani) ཀྱིས་བརྗོད་འདུག
ཆུ་ཚོད་བཞི་ལྷག་གི་རིང་ལ་གཤག་བཅོས་བྱས་པ་བརྒྱུད། སྨན་པ་རྣམས་ཀྱིས་ནད་པའི་ཁོག་གི་དུམ་བུ་དུམ་བུར་གྱུར་བའི་རྒྱུ་ཆེན་རྒྱུ་ཆུང་རྣམས་བཙེམས་ཐུབ་པ་བྱུང་བ་དང་དེ་ཅུང་ཙམ་གྱི་རྗེས་ནས་ཁོ་མོར་སྲོག་རླུང་གཏོང་ཐུབ་པ་བྱུང་འདུག ཕྱི་དྲོར་སྨན་པས་བཤད་རྒྱུར། ཁོ་མོ་ཕྱིར་དྲན་པ་སོས་ཡོད་ནའང་ཐམ་ཐོམ་དུ་གྱུར་འདུག་ལ། ཐེངས་མང་བོར་དྲན་པ་རྒྱལ་བ་སོགས་ཀྱི་གནས་ཚུལ་བྱུང་སོང་ཟེར།
ཕྱི་དྲོ་དེར་ཁོ་མོའི་ཨ་མ་དང་ཕུ་བོ་གཉིས་ཀྱང་ཁོ་མོར་ཐུག་འདུག་མོད། “ད་ལྟ་ཁོ་མོས་སྐད་ཆ་བཤད་ཀྱི་མི་འདུག ཁོ་མོ་ཡ་ང་བའི་གནས་བབ་དེར་ཧང་སང་འདུག” སྨན་པས་དེ་ལྟར་ཟེར།
ཁ་སང་ཕྱི་དྲོར་ལྡི་ལིའི་འབྲེལ་ཡོད་ཉེན་རྟོག་སྡེ་ཁག་ཅིག་གིས་བརྗོད་པ་ལྟར་ན། ཐེངས་འདིའི་གྱོད་དོན་འདི་བྱུང་སྟེ་ཁ་སང་ཕྱི་དྲོ་བར་དུ་ཐེངས་འདིར་བཙན་གཡེམ་གྱོན་དོན་དང་འབྲེལ་བ་ཡོད་པའི་མི་སྣ་དྲུག་པོ་འཇུ་བཟུང་བྱས་ཟིན་པ་དང་། མི་མཐའ་མ་དེ་ཁ་སང་ཕྱི་དྲོར་ཉེན་རྟོག་པའི་དམིགས་བསལ་གྱོད་དོན་རུ་ཁག་ཅིག་གིས་རྒྱ་གར་བྷེའི་ཧར་ Bihar མངའ་སྡེ་ནས་འཛིན་བཟུང་བྱས་ཡོད་ཟེར། ཆང་ས་དྲྭ་བ་ནས།
ཨ་རིག་ འགྱུར་མེད། མཆན། ངའི་དབྱིན་ཡིག་གི་ཆུ་ཚད་མི་བཟང་བས་གོ་ནོར་ཐེབས་པ་དང་བསྒྱུར་ནོར་ཤོར་བ་སོགས་བྱུང་ཡོད་སྲིད་པས་ཀློག་མཁན་དག་ལ་དགོངས་སེལ་ཞུ་བ་ཡིན།
