གཟའ་
ཕྱི་ ཚེས་ ༢༠ ཉིན་ ཨ་ རིའི་ གྲོས་ ཚོགས་ འཐུས་ མི་ ༥༨ གྱིས་ ས་ རྟགས་ བཀོད་ དེ། སྲིད་ འཛིན་ ཨོ་ བྷ་ མར་ བོད་ ཀྱི་ གནད་ དོན་ ཐད་ སྣེ་ འཁྲིད་ རང་ བཞིན་ གྱི་ ནུས་ པ་ འདོན་ དགོས་ པའི་ འབོད་ སྐུལ་ གནང་ ཡོད་ ལ། འབོད་ སྐུལ་ ཞུ་ མཁན་ གྲོས་ ཚོགས་ འཐུས་ མིའི་ ཁྲོད་ དུ་ ཨ་ རིའི་ གྲོས་ ཚོགས་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཚོགས་ (Tom Lantos Human Rights Commission)ཀྱི་ ཚོགས་ གཙོ་ རྣམ་ གཉིས་ ཏེ། མའེ་ ཁི་ ཇོ་ སྦིར་ (Rep. James
McGovern)དང་
གྲོས་ ཚོགས་ འཐུས་ མིའི་ ཞུ་ སྐུལ་ ཡི་ གེའི་ ནང་ ། རྒྱ་ གཞུང་ གིས་ བོད་ མིའི་ ཐོག་ དྲག་ གནོན་ དབང་ སྒྱུར་ གྱི་ སྲིད་ ཇུས་ བཟུང་ སྟེ། བོད་ མིའི་ ཆོས་ དད་ རང་ དབང་ དང་ མི་ རིགས་ རང་ གི་ སློབ་ གསོའི་ ལས་ དོན་ ཐད་ བཀག་ སྡོམ་ དང་ འགོག་ རྐྱེན་ བཟོ་ བཞིན་ པ་ བཅས་ ལ་ སྐྱོན་ བརྗོད་ བྱས་ པ་ མ་ ཟད། སྲིད་ འཛིན་ ཨོ་ བྷ་ མས་ བོད་ ཀྱི་ གནད་ དོན་ དེ་ ནི་ ཨ་ རིའི་ གཞུང་ གི་ འགྲོ་ བ་ མིའི་ ཐོབ་ ཐང་ ལས་ དོན་ ཐད་ ནས་ གཙོ་ གནད་ ཅིག་ ཏུ་ བཟུང་ ནས། ཨ་ རིའི་ ངོས་ ནས་ འགག་ རྩའི་ སྣེ་ འཁྲིད་ ཀྱི་ ནུས་ པ་ བཏོན་ ཏེ། དུས་ ཡུན་ ཐུང་ ངུའི་ ནང་ བོད་ ཀྱི་ འགྲོ་ བ་ མིའི་ ཐོབ་ ཐང་ གནས་ སྟངས་ ལེགས་ བཅོས་ ཡོང་ ཐབས་ གནང་ དགོས་ པའི་ སྐོར་ དང་ ། སྲིད་ འཛིན་ ཨོ་ བྷ་ མས་ ཐེངས་ འདིར་ ཨ་ རིའི་ རྒྱལ་ སྲིད་ དྲུང་ ཆེ་ གསར་ དུ་ འདེམས་ སྒྲུག་ སྐབས། ཐོག་ མར་ འོས་ མི་ གང་ དེར་ བོད་ ཀྱི་ གནད་ དོན་ ཐག་ གཅོད་ ཐད་ ནུས་ པ་ འདོན་ རྒྱུའི་ འདུན་ པ་ ཤུགས་ ཆེན་ པོ་ ཡོད་ མེད་ ལ་ གཟིགས་ དགོས་ པ་ བརྗོད་ ཡོད་ འདུག
ཨ་ རིའི་ གྲོས་ ཚོགས་ འཐུས་ མི་ དེ་ དག་ གིས་ སྲིད་ འཛིན་ ཨོ་ བྷ་ མས་ སྣེ་ འཁྲིད་ དེ། འཛམ་ གླིང་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ ཆེས་ མཐོའི་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཁང་ གི་ འགན་ འཛིན་ ལྕམ་ ཕེའེ་ ལའེ་ མཆོག་ གིས་ ཉེ་ སྔོན་ བོད་ དོན་ ཐད་ སྤེལ་ བའི་ བསྒྲགས་ གཏམ་ ལ་ རྒྱབ་ སྐྱོར་ གནང་ ཐོག ཨ་ རིའི་ མཐུན་ ཕྱོགས་ རྒྱལ་ ཁབ་ ཁག་ གིས་ ཀྱང་ བོད་ ཀྱི་ འགྲོ་ བ་ མིའི་ ཐོབ་ ཐང་ གནས་ སྟངས་ གང་ མགྱོགས་ ལེགས་ བཅོས་ ཡོང་ ཐབས་ ཐད་ ནུས་ པ་ བཏོན་ ཏེ། རྒྱ་ གཞུང་ གི་ སྲིད་ ཇུས་ བྱེད་ བབས་ དབང་ གིས་ བོད་ ནང་ གནས་ སྟངས་ ཛ་ དྲག་ ཏུ་ འགྱུར་ བཞིན་ པ་ དེ་ སེལ་ དགོས་ པ་ བརྗོད་ འདུག
ཕྱི་ ཟླ་ ༡༡ ཚེས་ ༢ ཉིན་ འཛམ་ གླིང་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ ཆེས་ མཐོའི་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཁང་ གི་ འགན་ འཛིན་ ལྕམ་ ཕེའེ་ ལའེ་ མཆོག་ གིས་ བསྒྲགས་ གཏམ་ སྤེལ་ པའི་ ནང་ ། རྒྱ་ གཞུང་ གིས་ བོད་ ནང་ གི་ ཛ་ དྲག་ གནས་ སྟངས་ ཞི་ འཇམ་ ཡོང་ སླད། བོད་ ནང་ དུ་ རྒྱལ་ སྤྱིའི་ རང་ དབང་ ཅན་ གྱི་ རྟོག་ ཞིབ་ པ་ དང་ གསར་ འགོད་ པ་ ཆེད་ གཏོང་ གིས་ ས་ གནས་ ས་ ཐོག་ གི་ གནས་ སྟངས་ ངོ་ མ་ རྒྱུས་ ལོན་ བྱེད་ འཇུག་ དགོས་ པ་ མ་ ཟད། འཛམ་ གླིང་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ འགྲོ་ བ་ མིའི་ ཐོབ་ ཐང་ དང་ ཆོས་ དད་ རང་ དབང་ རྟོག་ ཞིབ་ ཐད། རྒྱལ་ ཚོགས་ འགྲོ་ བ་ མིའི་ ཐོབ་ ཐང་ དམིགས་ བསལ་ ཚོགས་ ཆུང་ གིས་ རྒྱ་ ནག་ ནང་ འགྲོ་ བ་ མིའི་ ཐོབ་ ཐང་ གི་ གནས་ སྟངས་ དང་ ཆོས་ དད་ རང་ དབང་ ཐོག་ རྟོག་ ཞིབ་ ཆེད་ འགྲོ་ སྐྱོད་ ཆོག་ པའི་ ཆོག་ མཆན་ སྤྲོད་ དགོས་ པའི་ འབོད་ སྐུལ་ ཞུས་ ཡོད་ པ་ རེད།
གསར་ འགོད་ པ། ཚེ་ རིང་ རྒྱལ།
དུས་བབ་དྲ་བ་ནས།
