རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཧྥ་རན་སི་དང་དབྱིན་གཞུང་གིས་རྒྱབ་སྐྱོར།


དབྱིན་ཡུལ་དང་ཧྥ་རན་སྲིད་གཞུང་གཉིས་ཀྱིས། རྒྱ་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་དགོས་པའི་ནན་སྐུལ་གནང་འདུག
རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་
བོད་ནང་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ད་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཏེ། ཡུ་རོབ་མནའ་འབྲེལ་སྒྲིག་འཛུགས་དང་ཨ་རི། ཁེ་ཎ་ཌའི་སྲིད་གཞུང་བཅས་ཀྱིས། སྔ་རྗེས་སུ་རྒྱ་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་དགོས་པའི་ནན་སྐུལ་ཞུས་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་བོད་དོན་ཐོག་གསལ་བསྒྲཊ་ཤིག་སྤེལ་ཏེ། ཧྥརན་སིའི་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་བརྩི་བཀུར་ཞུ་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིསབོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་རྒྱུགོ་འཛུགས་དགོས་ཚུལ་དང་། དེའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ༸གོང་ས་མཆོགདང་ལྷན་དུ་འབྲེལམོལ་གནང་སྟེ། བོད་རྒྱའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་འཚོལ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། མ་འོངས་པར་ཧྥརན་སིདང་རྒྱ་གཞུང་གཞུང་བར་ཆབ་སྲིདའབྲེལ་ལམ་བརྒྱུད་བོད་ཀྱི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་མ་ཟད། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྲོསམོལ་གནང་སྐབས་ཀྱང་བོད་ཀྱི་གནད་དོན་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན་ཚུལ་འཁོད་འདུག
དེ་བཞིན། ཕྱི་ཚེས་ ༡༨ ཉིན་པེ་ཅིང་དུ་རྟེན་གཞི་བྱས་པའི་དབྱིན་ཡུལགཞུང་ཚབ་ཀྱིས། དབྱིན་ཡུལ་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཧོགྷོསུ་ཝ་ཡེར་མཆོག་ (Hugo Swire) གི་མཚན་ཐོག་ནསབསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། གསལ་བསྒྲགས་དེར་འཁོད་དོན། བོད་ནང་བོད་མི་ཚོས་རང་ལུས་མེར་སྲེགགཏོང་བའི་གནས་སྟངས་དེར་དབྱིན་ཡུལ་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ནང་དམ་དྲགམཚམས་འཇོག་གིས་བོད་ཀྱི་གནད་དོན་སེལ་ཆེད་དོན་སྙིང་ལྡན་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་རྒྱུུ་དང་། ཉེ་ལམ་ཡུ་རོབ་སྤྱི་མཐུན་ཚོགས་པའི་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ཚན་པའི་ཆེས་མཐོའི་སྐུ་ཚབ་ཀྱིས། བོད་ནང་གི་གནས་སྟངས་ཐོག་བསྒྲགས་གཏམ་སྤེལ་བ་དེར་དབྱིན་གཞུང་གིསམཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུདང་སྦྲགས།བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེགགཏོང་བའིཚབས་ཆེའི་ལས་འགུལ་རིགས་མ་སྤེལ་བའི་འབོད་སྐུལ། གནད་དོན་དེའི་ཐོག་བོད་མིའིཆོས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་མགོ་ཁྲིད་ཚོས་རང་ནུས་གང་ཡོད་བཏོན་ཏེ། རང་སྲེགལས་འགུལ་དེའིརིགས་མཚམས་འཇོག་ཡོང་ཐབས་གནང་དགོས་རྒྱུ། དབྱིན་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་བར་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལཞུ་རྒྱུ་དང་། བོད་མིའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ནི། རྒྱ་ནག་རྩ་ཁྲིམས་ནང་འཁོད་འིབོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་གནས་བབ་ཚད་ལྡན་སྤྲོད་རྒྱུ་དེ་ཡིནཞེས་འཁོད་འདུག
གསར་འགོད་པ། དཔལ་ལྡན།  
དུས་བབ་དྲྭ་བ་ནས།