རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཆུ་ཚོད་ ༩༥ རིང་ཟས་བཅད།


ལྡི་ལིར་གནས་སྡོད་བོད་མི་གཉིས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཆེད་ཆུ་ཚོད་དགུ་བཅུ་གོ་ལྔའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
ལྡི་ལི་གཞིས་སྒར་བསམ་ཡས་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༧ ཉིན་དགོང་དྲོའི་ཆུ་ཚོད་ ༦།༠༠ ཡས་མས་ནས་མགོ་
འཛུགས་ཀྱིས་ལྡི་ལི་གནས་སྡོད་བོད་མི་རྡོ་རྗེ་བཀྲ་ཤིས་དང་བཀྲ་ཤིས་དོན་འགྲུབ་གཉིས་ཀྱིས། ཕྱི་ལོ་ ༢༠༠༩ ལོ་ནས་བོད་ནང་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༩༥ བྱུང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། བཞུགས་སྒར་བསམ་ཡས་གླིང་གི་དགོན་པ་གཉིས་ཀྱི་མདུན་ཐང་དུ་ཆུ་ཚོད་ ༩༥ སྟེ། ཉིན་གྲངས་ལྔའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ།  ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོ་ས་གནས་བདེ་དོན་ལས་ཁུངས་ཀྱི་སྐུ་ཚབ་དང་ས་གནས་བརྒྱ་དཔོན། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག་ལས་འགུལ་མཇུག་སྒྲིལ་ཡོད་འདུག
ཐེངས་འདིའི་དང་བླངས་ཟས་བཅད་བ་རྡོ་རྗེ་བཀྲ་ཤིས་ལགས་རང་ལོ་ ༢༤ དང་། བཀྲ་ཤིས་དོན་འགྲུབ་ལགས་རང་ལོ་  ༢༠ ཡིན་འདུག་ལ།  ཁོང་གཉིས་ཀྱིས་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གསུམ་པ་འགྲོ་སྐབས། བཀྲ་ཤིས་དོན་འགྲུབ་ལགས་ན་ཚའི་རྐྱེན་པས་སྨན་ཁང་དུ་འཁྲིད་དགོས་བྱུང་ཡོད་འདུག
ལས་འགུལ་མགོ་འཛུགས་སྐབས་ཁོང་གཉིས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་ཆེད་ཆུ་ཚོད་ ༩༢ རིང་ཟས་བཅད་ངོ་རྒོལ་གནང་འཆར་བྱས་ཡོད་ཀྱང་། ཕྱིས་སུ་བོད་ནང་བོད་མི་གསུམ་ཀྱིས་བསྐྱར་དུ་རང་ལུས་མེར་བསྲེཊ་གནང་མཐར་ཆུ་ཚོད་གསུམ་འཕར་འགྱངས་གནང་སྟེ། བོད་མི་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཆུ་ཚོད་ ༩༥ རིང་ཟས་བཅད་ངོ་རྒོལ་གནང་ཡོད་འདུག་ལ། ལས་འགུལ་སྐབས་བོད་མི་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས། བོད་མི་སུ་འདྲ་ཞིག་ཡིན་ཡང་ཉིན་ལྔའི་རིང་ཟས་བཅད་ངོ་རྒོལ་གནང་བར་དཀའ་ངལ་འཕྲད་མི་སྲིད་ཀྱང་། རང་ཉིད་བོད་མི་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་རང་ངོས་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུ་དང་མཉམ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་སྟབས། བཙན་བྱོལ་ནང་ཡོད་པའི་གཞོན་སྐྱེས་ཚོའི་ངོས་ནས་མ་འོངས་པར་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་མུ་མཐུད་མི་ཡོང་ཆེད་གང་ཐུབ་ཀྱིས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
གསར་འགོད་པ། དོན་གོ
དུས་བབ་དྲྭ་བ་ནས།