རྒྱ་ གཞུང་ གིས་ རང་ ལུས་ མེར་ བསྲེཊ་ གནས་ ཚུལ་ ལ་ འབྲེལ་ བ་ ཡོད་ པའི་ ཉེས་ འཛུགས་ འོག བོད་ མདོ་ སྨད་ བླ་ བྲང་ ཨ་ མཆོག་ རྔ་ རྒོད་ སྡེ་ བའི་ བོད་ མི་ ཞིག་ འཛིན་ བཟུང་ བྱས་ ཡོད་ འདུག
ཨ་ འཇམ་ ལགས་ ཀྱིས་ འདི་ གར་ གནས་ ཚུལ་ བཏང་ འབྱོར་ ལྟར་ ན། རྒྱ་ ནག་ གཞུང་ གིས་ འདི་ ལོའི་ ཕྱི་ ཟླ་ ༡༠ ཚེས ༢༦ ཉིན་ བོད་ མདོ་ སྨད་ བླ་ བྲང་ ཨ་ མཆོག་ སྐེད་ སྡེ་ བའི་ རྒྱལ་ གཅེས་ དཔའ་ བོ་ ལྷ་ མོ་ ཚེ་ བརྟན་ ལགས་ ཀྱིས། རང་ ལུས་ མེར་ བསྲེཊ་ གནང་ སྐབས་ ཁོང་ གི་ སྐུ་ ལུས་ འབར་ འཕྲོའི་ སྟེང་ དུ་ ས་ སྣུམ་ བླུག་ རོགས་ ཞེས་ བརྗོད་ པར་ བསྙད་ དེ། ཕྱི་ ཟླ ༡༢ ཚེས ༤ ཉིན་ གྱི་ ཞོགས་ པར་ ཨ་
རྒད་ པོ་ འཕགས་ པ་ སྐྱབས་ ལགས་ ནི། མི་ དྲང་ ཚུགས་ ལྡན་ པ་ ཞིག་ ལས་ གང་ བྱུང་ དུ་ གནས་ ཚུལ་ འདྲ་ མིན་ བཟོ་ རྒྱུ་ དགའ་ བ་ ཞིག་ མིན་ པ་ དང་ ། ཁོང་ གློ་ བུར་ དུ་ འཛིན་ བཟུང་ བྱས་ རྗེས་ ནང་ མི་ ཚང་ མ་ དཀའ་ ངལ་ གྱི་ གནས་ སུ་ ལྷུང་ ཡོད་ འདུག
ཉེ་ ལམ་ སྡེ་ མི་ ཚོ་ མཉམ་ འཛོམས་ ཀྱིས་ ཡུལ་ ཚོའི་ སྲིད་ གཞུང་ སྒོ་ ཁར་ འགྲོ་ རྒྱུར་ གྲོས་ བྱས་ ཡོད་ ཀྱང་ ། ཡང་ འདི་ ལྟར་ གྲོས་ མགོ་ འདོན་ མཁན་ སུ་ ཡིན་ སོགས་ ཀྱི་ གསང་ བ་ ཕྱི་ གྱར་ ལ་ འཇིགས་ ཏེ་ འགྲོ་ མ་ ཐུབ་ པ་ ལྷག་ སྟབས། ད་ ཆར་ ཁོང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཅི་ ཡང་ མ་ ཤེས་ པར་ ལྷག་ ཡོད་ འདུག
གཞན། ཨ་ འཇམ་ ལགས་ ཀྱིས་ བརྗོད་ པ་ ལྟར་ ན་ རྒྱ་ གཞུང་ གིས་ འདི་ ལོ་ བླ་ བྲང་ དུ་ རྒྱལ་ གཅེས་ དཔའ་ བོ་ རྡོ་ རྗེ་ རིན་ ཆེན་ ལགས་ ཀྱིས་ རང་ ལུས་ མེར་ བསྲེཊ་ ཀྱི་ ལས་ འགུལ་ སྤེལ་ སྐབས་ སྐུ་ ཕུང་ བདག་ ཉར་ བྱས་ པའི་ ཉེས་ འཛུགས་ འོག བུད་ མེད་ གཡང་ སྐྱིད་ འབོད་ པ་ ཞིག་ འཛིན་ བཟུང་ བྱས་ ཏེ་ ཟླ་ གཅིག་ ཙམ་ འགྲོ་ བཞིན་ ཡོད་ འདུག་ ལ། དམེ་ ཤུལ་ ས་ ཆའི་ ཕོ་ གསར་ ཞིག་ ཀྱང་ དེ་ ལྟར་ བཙོན་ འཇུག་ བཀག་ ཉར་ བྱས་ པ་ སོགས་ རྒྱ་ ནག་ གཞུང་ གིས་ ད་ ཆར་ བོད་ ནང་ གི་ མེར་ བསྲེཊ་ གནས་ ཚུལ་ ལ་ རྐྱེན་ བྱས་ ཏེ་ མི་ མང་ དཀྱུས་ མ་ མང་ པོ་ ཞིག་ མི་ མངོན་ པའི་ ཚུལ་ གྱིས་ བཙོན་ འཇུག་ ཁྲིམས་ ཆད་ གཏོང་ བཞིན་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
