རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སློབ་གྲྭར་དམར་གསོད་དོན་རྐྱེན།


ཁ་སང་གཟའ་པ་སངས་ཉིན་ཨ་རིའི་མངའ་སྡེ་ཁཱ་ནེ་ཀྲི་ཁེ་ཊིའི་དམའ་རིམ་སློབ་གྲྭ་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྟེ། སློབ་ཕྲུག་ཉི་ཤུ་ཚུད་པའི་ཁྱོན་མི་ཉེར་བརྒྱད་དམར་གསོད་བྱས་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༤༥ ཙམ་ལ་ཨ་རིའི་མངའ་སྡེ་ཁཱ་ནེཀྲི་ཁེ་ཊི (Connecticut) ནེའུ་ཁྲོན་ (Newtown) ས་གནས་ཀྱི་དམའ་རིམ་སློབ་
གྲྭ་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྟེ་ལོ་ ༥ ནས་ ༡༠ བར་གྱི་སློབ་ཕྲུག་ཉི་ཤུ་ཚུད་པའི་ཁྱོན་མི་ ༢༨ དམར་གསོད་བཏང་ཡོད་འདུག
 མངའ་སྡེའི་ཉེན་རྟོག་པ་པཱོལ་ཝེན་སི་ལགས་ཀྱིས་གསར་ལམ་དུ་བརྗོད་པ་ལྟར་ན། ཐེངས་འདིའི་མེ་མདའི་དོན་རྐྱེན་ཁྲོད་བྱིས་པ་ ༡༨ དང་།  སློབ་གྲྭའི་སློབ་གཙོ་ཚུད་པའི་མི་ ༦ མེ་མདའ་རྒྱག་ཡུལ་དུ་གྲོངས་ཡོད་པ་དང་།  བྱིས་པ་༢ སྨན་ཁང་དུ་འབྱོར་མཚམས་སུ་གྲོངས་ཡོད་སྐོར་བརྗོད་འདུག
དོན་རྐྱེན་དེ་ནི་ཁ་སང་སློབ་མ་རྣམས་འཛིན་གྲྭར་ཚོགས་བཞིན་པའི་སྐབས་གློ་བུར་དུ་མེ་མདའ་ཐོག་པའི་མི་ཞིག་འཛིན་ཁང་ཞིག་ཏུ་འཛུལ་ཡོང་སྟེ། དགེ་རྒན་དང་སློབ་ཕྲུག་ཚོའི་སྟེང་མེ་མདས་བརྒྱབ་ཡོད་པ་དང་། གནས་ཚུལ་བྱུང་མ་ཐག་ས་གནས་ཉེན་རྟོག་པ་དང་སློབ་གྲྭའི་བདེ་སྲུང་མི་སྣས་སློབ་གྲྭའི་མཐའ་བསྐོར་ཏེ་ལག་དམར་འཛིན་ཐབས་བྱས་རྗེས་མེ་མདའ་རྒྱག་མཁན་རང་ཤི་བརྒྱབ་པའི་ཕུང་པོ་རྙེད་སོན་བྱུང་ཡོད་ཀྱང་། མི་དེ་སུ་ཡིན་མིན་ཐད་སེ་བྷི་ཨེ་སི་ (CBS) གསར་ཁང་གིས་ལག་དམར་དེ་ནི་ལོ་ཉི་ཤུར་སོན་པའི་ཨཱ་ཌམ་ལཱེན་ཛཱ་ (Adam Lanza) ཡིན་པར་བསྒྲགས་ཡོད་པ་དང་། ཉེན་རྟོག་པས་ལམ་དམར་ཨཱ་ཌམ་ལཱེན་ཛཱའི་སྤུན་མཆེད་རྒན་པ་སྟེ། ལོ་ ༢༤ ལ་སོན་པའི་རེན་ལཱེན་ཛཱ་ (Ryan Lanza) རེད་ཅེས་བཤད་ཚུལ་གཉིས་བྱུང་འདུག དགོང་མོའི་ཆུ་ཚོད་ ༦།༠༠ ཙམ་ལ་ས་གནས་ནས་གསར་འགོད་པས་ཐད་ཀར་རྒྱང་བསྲིངས་བྱས་པའི་ནང་། ཐེངས་འདིའི་དོན་རྐྱེན་གྱི་ལག་དམར་ཨཱ་ཌམ་ལཱེན་ཛཱ་ཡིན་པ་དང་། ཁོང་གི་སྤུན་མཆེད་རེན་ལཱེན་ཛཱར་ཉེན་རྟོག་པས་འདྲི་གཅོད་བྱེད་ཀྱིན་པའི་སྒང་རེད་ཅེས་བརྗོད་ཡོད།
མི་གྲངས་ཉེར་བརྒྱད་ཀྱི་ཚེ་སྲོག་ཤོར་བའི་ཁྲོད་ཀྱི་གཅིག་ནི་སློབ་གྲྭ་དེ་གའི་དགེ་རྒན་དང་། ལག་དམར་ཁོ་རང་ཉིད་ཀྱི་ཨ་མ་ཡིན་པ་རེད། ད་ཆ་གནས་ཚུལ་གསར་པ་ཐོན་པ་ལྟར་ན། ཉིན་དེར་མོ་རང་སློབ་གྲྭར་ཡོང་མེད་ཅིང་། མོ་རང་གི་ཕུང་པོ་རང་ཁྱིམ་ནས་རྙེད་སོན་བྱུང་ཡོད་པ་རེད། ཁོས་ཁྱིམ་ནས་ཨ་མ་བསད་རྗེས་ཐད་ཀར་སློབ་གྲྭར་སོང་སྟེ་ཨ་མའི་ལས་ཀ་བྱེད་སའི་འཛིན་གྲྭའི་གང་བྱུང་མེད་མདས་བརྒྱབ་པ་དང་། སླར་ཡང་འཛིན་ཁང་གཞན་ཞིག་ཏུ་འཛུལ་ནས་མེ་མདའ་བརྒྱབ་ཡོད་པ་རེད། དོན་རྐྱེན་འདིའི་ཁྲོད་སློབ་ཕྲུག་དང་དགེ་རྒན། སློབ་སྤྱི། ལག་དམར་གྱི་ཨ་མ་དང་ལག་དམར་ཁོ་རང་ཉིད་ཚུད་པའི་མི་ ༢༨ ཀྱི་ཚེ་སྲོག་ཤོར་ཡོད་འདུག
གནས་ཚུལ་འདི་བྱུང་རྗེས་ཀྱི་ཆུ་ཚོད་བཞིའི་རྗེས་སུ་ཕོ་བྲང་དཀར་པོ་ནས་སྲིད་འཛིན་ཨོ་བྷ་མས་རྒྱལ་ཡོངས་ལ་མྱ་ངན་གྱི་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་མིག་ཆུ་གཏོང་ཞོར་ “ང་ཚོའི་སྙིང་ལ་གས་ཁ་ཤོར་སོང་” ཞེས་དང་། མ་འོངས་པར་འདི་ལྟའི་རྐྱེན་ངན་མི་འབྱུང་ཆེད་དོན་དང་མཐུན་པའི་ཐབས་ལམ་བསྟེན་དགོས་པའི་གཏམ་བཤད་སྤེལ་ཡོད་ལ།  མངའ་སྡེའི་གཙོ་འཛིན་གྱིས་“འདི་ནི་ཚིག་གིས་མཚོན་ཐབས་བྲལ་བའི་རྐྱེན་ངན་ཞིག་” རེད་ཅེས་བརྗོད་ཡོད།
ཨཱ་ཌམ་ལཱེན་ཛཱའི་གྲོགས་པོ་ཞིག་གིས་བརྗོད་པ་ལྟར་ན། ལག་དམར་འདི་སྤྱིར་བཏང་ནས་སེམས་ཁམས་མི་དྭངས་པ་དང་། རྒྱུན་ལྡན་ཞིག་གཏན་ནས་མིན་པར་བཤད་ཡོད་པ་དང་།  ཁོང་གིས་གློ་བུར་ཏུ་དོན་རྐྱེན་འདི་འདྲ་ཞིག་བསླངས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བརྗོད་ཡོད། 
གནས་ཚུལ་ཤེས་གསལ་ལྟར་ན།  ༢༠༠༧ ལོར་ཨ་རིའི་ཝིར་རྗི་ནི་ཡཱའི་ལག་ཤེས་མཐོ་སློབ་དུ་མི་ ༣༣ རྐྱེན་ལམ་བཏང་མི་གསོད་དོན་རྐྱེན་དང་པོ་བྱུང་ཡོད་པ་དང་། ཐེངས་འདི་ནི་ཨ་རིའི་རྒྱལ་ཡོངས་སུ་བྱུང་བའི་སློབ་གྲྭར་དམར་གསོད་ཀྱི་དོན་རྐྱེན་བྱུང་ཐེངས་གཉིས་པ་དེ་ཆགས་ཡོད་འདུག  
ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།
དུས་བབ་དྲྭ་བ་ནས།