རྒྱ་ ནག་ གཞུང་ གིས་ ཁམས་ དཀར་ མཛེས་ ལམ་ བྲག་ དགོན་ པའི་ བཙུན་ མ་ ཞིག་ ལ་ ལོ་ གསུམ་ གྱི་ དུས་ བཀག་ བཙོན་ འཇུག་ གི་ ཁྲིམས་ ཐག་ བཅད་ ཡོད་ འདུག
རྒྱ་ གཞུང་ གིས་ སྔར་ ལོའི་ ཕྱི་ ཟླ་ ༦ པའི་ ནང་ ཁམས་ དཀར་ མཛེས་ ལམ་ བྲག་ དགོན་ པའི་ བཙུན་ མ་ སྨན་ པ་ འཆི་ མེད་ ལགས་ ཆབ་ སྲིད་ ཀྱི་ དོགས་ གཞིའི་ འོག་ དགོན་ པ་ ནས་ འཛིན་ བཟུང་ བཙན་ འཁྲིད་ བྱས་ ཏེ། ལོ་ ༡ ལྷག་ གི་ རིང་ ནང་ མི་ གཉེན་ འབྲེལ་ ཚོས་ ཁོང་ འཛིན་ བཟུང་ བྱེད་ དོན་ དང་ གར་ ཡོད་ ཀྱི་ གནས་ ཚུལ་ ཅི་ ཡང་ མ་ ཤེས་ པར་ ལྷག་ ཡོད་ པ་ དང་ ། ཕྱིས་ སུ་ དར་ རྩེ་ མདོ་ བཙོན་
གནས་ ཚུལ་ ཤེས་ རྟོགས་ བྱུང་ བ་ ལྟར་ ན། ཨ་ ནེ་ འཆི་ མེད་ ལགས་ ཕྱི་ ལོ་ ༢༠༡༡ ལོའི་ ཕྱི་ ཟླ་ ༦ པའི་ ནང་ རྒྱ་ གཞུང་ གིས་ འཛིན་ བཟུང་ བཙོན་ འཇུག་ བྱས་ རྗེས། ཁོང་ གིས་ སྨན་ བཅོས་ བྱེད་ བཞིན་ པའི་ བོད་ མི་ མང་ པོ་ ཞིག་ ལ་ དཀའ་ ངལ་ འཕྲད་ ཡོད་ པ་ མ་ ཟད། ནད་ པ་ མང་ པོ་ མང་ པོ་ ཞིག་ གིས་ ཁོང་ གི་ ཆེད་ བསྔོ་ བ་ སྨོན་ ལམ་ གསུང་ ཡོད་ འདུག་ ལ། ཉེ་ ཆར་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ རྗེས་ ཁོང་ གི་ ནང་ མི་ གཉེན་ འབྲེལ་ ཚོས་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཅི་ ཡང་ མ་ ཤེས་ པར་ ལྷག་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
