རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཧྥུ་ཅན་དུ་རྒྱ་མི་ ༢ ཀྱིས་མེར་བསྲེགས།


ཁ་སང་རྒྱ་ནག་ཧྥུ་ཅན་དུ་རྒྱ་མི་  ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱས་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་པེ་ཅིན་ཆུ་ཚོད་ ༡༧ ཙམ་གྱི་སྟེང་ རྒྱ་ནག་ཧྥུ་ཅཱན་ཞིང་ཆེན་མི་དམངས་འཐུས་མིའིལྷན་ཁང་དང་མི་དམངས་སྲིད་གྲོས་གཉིས་ཀྱི་ལས་ཁུངས་ཉེ་འཁྲིས་སུ།  ས་གནས་ཧྲན་ཡཱིགརྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་ཁྲིམས་ཁང་གིས་དྲང་
བདེན་མ་ཡིན་པར་ཡུལ་མིར་མ་ཉེས་ཁག་གཡོགས་ཀྱི་ཉེས་མིང་བཀལ་ཏེ་སྡུག་གྱོང་མནར་གཅོད་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག 
ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོའི་ཆུ་ཚོད་ ༢༠།༣༠ སྟེང་ ས་གནས་ས་ཐོག་ནས་འབྲེལ་ཡོད་མི་སྣས་ཕྱི་སྡོད་རྒྱ་ནག་ཐེན་ཝང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྟེ་གནས་ལ་གནས་ཚུལ་བཏང་འབྱོར་ལྟར་ན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༡༧ ཙམ་གྱི་སྟེང་ ཧྲན་ཡཱིགརྫོང་གི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ལ།  ད་ལྟའི་ཆར་རང་ལུས་མེར་བསྲེགས་གཏོང་མཁན་ཡུལ་མི་ཞུ་གཏུགས་པ་གཉིས་ཧྥུ་ཅན་ཞིང་ཆེན་གྱི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་ ད་དུང་འཆི་གསོན་གྱི་རྟིང་ཐག་གཅོད་དཀའ་བའི་ཉེན་འིགནས་སུ་ལྷག་ཡོད་འདུག    
ཕྱི་ཚེས་ ༡༥ ཉིན་ཕྱི་སྡོད་ཐེན་ཝང་དྲ་བའི་གཞུང་འབྲེལ་འཕྲུལ་སྒྲ་(twitter) དྲ་སྐུད་ཐོག་སྦྱར་འགྲེམས་བྱས་པའི་རང་ལུས་མེར་བསྲེགས་གྱི་འདྲ་པར་དེའི་ཐད།ཐེན་ཝང་དྲ་བའི་འབྲེལ་ཡོད་མི་སྣ་ཆེད་དུ་དོན་རྐྱེན་བྱུང་ཡུལ་ས་གནས་དངོས་ལ་སོང་སྟེ་གནས་ཚུལ་དངོས་བདེན་ཡིན་པ་རྩད་ཆོད་བྱུང་ཡོད་འདུག  ཡུལ་མི་ཞུ་གཏུགས་པ་དེ་གཉིས་ཀྱིས་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་ནི། ཧྥུ་ཅན་ཞིང་ཆེན་མི་དམངས་འཐུས་མིའི་ལྷན་ཁང་གི་སྒོ་ཁ་ཡིན་པ་དང་  རྒྱབ་ཕྱོགས་སུ་སཱན་ཧི་མཱེན་ཇ་ལོ་ཚོང་ཁང་ཟེར་བ་ཞིག་ཡོད་ལ།  དེའི་ཉེ་འཁྲིས་ནི་ཞིང་ཆེན་མི་དམངས་སྲིད་གྲོས་ལས་ཁུངསཀྱི་སྒོ་ལམ་ལ་ཁེལ་ཡོད་འདུག  ད་ལྟའི་ཆར་རང་ལུས་མེར་བསྲེགས་གནང་མཁན་ཞུ་གཏུགས་ཡུལ་མི་དེ་གཉིས་ཀྱི་མིང་དང་ཁྱིམ་མིའི་གནས་ཚུལ་ཞིབ་ཕྲ་གསལ་ཁ་བྱུང་མེད་པ་རེད། 
དྲ་མིང་ལ་༼ སེང་གེ ༽ཟེར་མཁན་ཞིག་གིས། ཝེ་པའོ་དྲ་བའི་སྟེང་ གློ་བུར་བའི་གནས་ཚུལ་དེ་བྱུང་ནསཉིན་གཅིག་འདས་ཟིན་མོད། ད་དུང་སེམས་སུ་འཇིགས་སུ་རུང་བའི་སྣང་བརྙན་དེ་དྲན་ཡོང་གི་འདུག  དེ་རིང་དྲ་རྒྱའི་སྟེང་དོན་རྐྱེན་དེའི་རྗེས་འབྲེལ་གྱི་གནས་ཚུལ་གང་ཡང་ཐོན་མི་འདུག  ཁོ་ཚོས་དེ་ལྟའི་བཟོད་དཀའ་བའི་བྱེད་ཐབས་ཤིག་བདམས་ཟིན་སྟབས། ངའི་རེ་བར་ཁོང་གཉིས་ལ་བདེ་བ་ཞིག་ཐོབ་པར་སྨོན།” ཅེས་བཀོད་འདུག 
ཐེན་ཝང་དྲ་བའི་གནས་ཚུལ་སྤེལ་བ་ལྟར་ན། རང་ལུས་མེར་བསྲེགས་གཏོང་མཁན་གཉིས་མྱུར་སྐྱོབ་བྱེད་སའི་སྨན་ཁང་དུ། ཧྲནཡཱིགརྫོང་གི་འབྲེལ་ཡོད་གོཁྲིད་དང་ས་གནས་ཞུ་གཏུག་ལས་ཁུངས་ཀྱི་མགོ་བ། ས་གནས་ཉེན་རྟོག་པ་སོགས་བསླེབས་ཏེ་བཀག་སྡོམ་ལྟ་རྟོག་བྱས་ཡོད་པ་མ་ཟད།  རྒྱ་གཞུང་གིས་དྲ་ལམ་ཁག་ཏུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དང་འབྲེལ་བའི་གནས་ཚུལ་རྣམས་བཀག་འགོག་གཙང་བཤེར་བྱེད་བཞིན་ཡོད་འདུག
ཐེན་ཝང་དྲ་བའི་འགན་ཡོད་མི་སྣས་གསར་ལམ་ཁག་ཏུ་བརྗོད་དོན། རྒྱ་ནག་ནང་ས་གནས་ཡུལ་མི་ཞུ་གཏུགས་པ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྔ་ཤོས་ནི་ཧུའུ་པའེ་ཡུལ་མི་ཝང་ཀུས་ལན་གྱི་རང་བསྲེགས་ཡིན་པ་དང་། དེ་ནས་རིམ་པར་ཟི་ཁྲོན་གྱི་ཡུལ་མི་སཱུང་ཙུ་ཅན་གྱིས་རང་ལུས་མེར་བསྲེགས་གཏོར་ཞོར་ཉེན་རྟོག་པ་སོ་སོའི་པང་དུ་བསྡམས་པའི་དོན་རྐྱེན། ཁྲིན་ཏུའུ་གྲོང་ཁྱེར་དུ་ཐཱང་ཧྥུ་ཀྲིན་དང་ཙིན་མཱེན་ཆཱུང་གཉིས་ཀྱི་རང་བསྲེགས། ཁྲུང་ཆིན་དུ་ཝུ་ཞིག་ཧྭ་ཡི་རང་བསྲེགས། ད་ལྟ་ཧྥུ་ཅན་གྱི་ཡུལ་མི་ཞུ་གཏུགས་པ་གཉིས་ཀྱི་རང་བསྲེགས་བཅས་བྱུང་ཡོད་སྐོར་བརྗོད་འདུག
ཉེ་སྔོན་ཕྱི་ཟླ་  ཚེས་  ཉིན་ས་གནས་ཁྲིམས་ཁང་གིས་མ་ཉེས་ཁག་གཡོགས་ཕོག་མཁན་ཧྥུ་ཅན་ཞིང་ཆེན་གྱི་ཡུལ་མི་ལིན་པེན་ཞིན་དང་ཧྲི་ལིས་ལཱེན། སུང་པའོ་རུང་ ཝུ་ཅིན། ཝང་ཝེ་ཀྲུ། ལིན་ཆིག་ཏིས། ལིས་ལཱང་ཡུས་སོགས།  ཞུ་གཏུགས་མང་ཚོགས་བཅུ་གྲངས་ལྷག་པེ་ཅིན་དུ་བསྐྱོད་དེ།  ཐའོ་རན་ཐཱེན་སྤྱི་གླིང་དུ་གསར་བརྗེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ།  “ཚོགས་ཆེན་བཅོ་བརྒྱད་ཀྱི་འཐུས་མི་ཚོས་མ་ཉེས་ཁག་གཡོགས་ཕོག་མཁན་མང་ཚོགས་ལ་ཐར་ལམ་ཞིག་གནང་རྒྱུར་པུས་བཙུགས་ཞུ་འབུལ་བྱེད།” ཅེས་པའི་འཕྲེད་དར་འཕྱར་ཏེ། རྒྱ་གཞུང་གིས་ཁྲིམས་ལུགས་དྲང་བདེན་འདྲ་མཉམ་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།