རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སློབ་ཕྲུག་ ༤ མིང་ཤེས་རྟོཊ་བྱུང་འདུག


ཉེ་སྔོན་རེབ་གོང་དུ་སློབ་ཕྲུག་ ༡༨ འཇུ་བཟུང་བྱས་པའི་ཁྲོད་ནས། ད་ལྟ་སློབ་ཕྲུག་ ༤ མིང་དང་སྐྱེས་ཡུལ་ཤེས་རྟོག་བྱུང་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མདོ་སྨད་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཕྲུག་ ༡༨ རྒྱ་གཞུང་གིས་འཇུབཟུང་བཙན་འཁྲིད་བྱས་རྗེས། སློབ་ཕྲུག་དེ་དག་ས་གནས་
གང་ནས་ཡིན་པ་དང་མིང་ལ་ཅི་ཞིག་འབོད་ཀྱི་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་མོད།  ད་ལྟ་སློབ་ཕྲུག་དེ་དག་ཁྲོད་ནས་སློབ་ཕྲུག་ ༤ མིང་དང་སྐྱེས་ཡུལ་ཤེས་རྟོགས་བྱུང་འདུག
ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན།  ཉེ་ཆར་བོད་མདོ་སྨད་རེབ་གོང་དུ་སློབ་ཕྲུག་ ༡༨ འཇུ་བཟུང་བཙན་ཁྲིད་བྱས་པའི་ཁྲོད་ནས། སློབ་ཕྲུག་དཔལ་ཆེན་རྡོ་རྗེ་དང་རྡོ་རྗེ་དབང་ཕྱུག  དཔལ་བརྟན་རྡོ་རྗེ་གསུམ་ནི་རྩེ་ཁོག་རྫོང་ཧོར་ཉིན་ཕྱུག་ནས་ཡིན་པ་དང་།  སློབ་ཕྲུག་བཀྲ་ཤིས་ཚེ་རིང་ནི་གཅན་ཚ་ནས་ཡིན་འདུག
གཞན་ཉེ་སྔོན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སློབ་མའི་ཞི་རྒོལ་ཁྲོམ་སྐོར་ལ་སྣེ་འཁྲིད་མཁན་གྱི་ཉེས་མིང་འོག  སློབ་ཕྲུག་ ༨ ལ་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་མོད།  ཤ་བོ་རྡོ་རྗེ་ལགས་ཀྱིས་བསྐྱར་དུ་བོད་ནང་གི་འབྲེལ་ཡོད་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར། ད་ལྟའི་ཆར་སློབ་ཕྲུག་དེ་དག་ལ་ཁྲིམས་ཁང་རང་ནས་ཁྲིམས་ཐག་བཅད་ཟིན་པ་ཞིག་མ་ཡིན་པར། ས་གནས་ཉེན་རྟོག་པས་སློབ་ཕྲུག་རྣམས་ཀྱི་ཕ་མར་སློབ་ཕྲུག་དེ་ཚོར་ལོ་༥ རེའི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་པ་ཞིག་ཡིན་འདུག 
ཉེ་སྔོན་ནས་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་གུང་གསེང་བཏང་སྟེ། ད་ལྟའི་ཆར་ད་དུང་སློབ་གྲྭ་སྒོ་བརྒྱབ་ནས་སློབ་ཁྲིད་བྱེད་མཚམས་བཞག་ཡོད་འདུག 
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།