ཟླ་ སྔོན་ མའི་ ནང་ རེབ་ གོང་ རྩེ་ ཁོག་ རྡོ་ དཀར་ མོ་ ཞང་ སྲིད་ གཞུང་ སྒོ་ ཁར་ བོད་ མི་ གཉིས་ ཀྱིས་ སྔ་ རྗེས་ སུ་ རང་ ལུས་ མེར་ བསྲེགས་ གནང་ རྗེས། ས་ གནས་ དེ་ གའི་ ན་ གཞོན་ གཞན་ གཉིས་ བོར་ བརླག་ ཏུ་ ཕྱིན་ ཡོད་ འདུག རྗེས་ སུ་ ནང་ མིས་ རྩད་ གཅོད་ བྱས་ སྐབས་ ཁོང་ གཉིས་ རྩེ་ ཁོག་ རྫོང་ དུ་ བཙོན་ འཇུག་ བྱས་ ཡོད་ པ་ ཤེས་ རྟོགས་ བྱུང་ འདུག
སུད་ སིར་ གནས་ བཞུགས་ ཤ་ བོ་ རྡོ་ རྗེ་ ལགས་ སུ་ བོད་ ནས་ གནས་ ཚུལ་ འབྱོར་ བ་ ལྟར་ ན། ཟླ་ སྔོན་ མའི་ ཕྱི་ ཚེས་ ༡༧ ཉིན་
དེ་ བཞིན། ཟླ་ སྔོན་ མའི་ ཕྱི་ ཚེས་ ༢༣ ཉིན་ རྒྱལ་ གཅེས་ དཔའ་ བོ་ རྟ་ མགྲིན་ རྡོ་ རྗེ་ ལགས་ ཀྱིས་ རྡོ་ དཀར་ མོ་ ཞང་ སྲིད་ གཞུང་ སྒོ་ ཁར་ རང་ ལུས་ མེར་ བསྲེགས་ བཏང་ རྗེས། ཁ་ སོག་ སྡེ་ བའི་ རང་ ལོ་ ༢༦ ཡིན་ པའི་ སྐལ་ བཟང་ བཀྲ་ ཤིས་ ཞུ་ བ་ གར་ སོང་ ཆ་ མེད་ ཆགས་ ཡོད་ ཅིང་ ། རྗེས་ སུ་ ནང་ མིས་ ཤེས་ རྟོགས་ བྱུང་ བར་ གོང་ བཞིན་ རྩེ་ ཁོག་ རྫོང་ དུ་ བཙོན་ འཇུག་ བྱས་ ཡོད་ འདུག སྐལ་ བཟང་ བཀྲ་ ཤིས་ ལགས་ ཀྱི་ ཕ་ མང་ ལ་ བཀྲ་ རྡོ་ དང་ ། མ་ མིང་ ལ་ སྐོ་ རྡོ་ ཞུ་ བཞིན་ ཡོད་ འདུག
ད་ ཆར་ ས་ གནས་ མི་ མང་ ཚོའི་ ངོས་ ནས། གསང་ བདག་ ཚེ་ རིང་ དང་ མགོ་ བྷེ་ གཉིས་ ངོ་ ཤེས་ གྲོགས་ པོ་ ཡིན་ པ་ དང་ ། དེ་ བཞིན་ རྟ་ མགྲིན་ རྡོ་ རྗེ་ དང་ སྐལ་ བཟང་ བཀྲ་ ཤིས་ གཉིས་ ཀྱང་ ངོ་ ཤེས་ གྲོགས་ པོ་ ཡིན་ པའི་ རྒྱུ་ མཚན་ ལ་ བརྟེན་ ཏེ། རྒྱ་ གཞུང་ གིས་ དེ་ སྔའི་ མེར་ བསྲེགས་ སྐོར་ ཁོང་ གཉིས་ ལ་ རྒྱུས་ མངའ་ ཡོད་ པའི་ ཉེས་ འདོགས་ ཀྱིས་ དོན་ མེད་ འཛིན་ བཟུང་ བྱས་ པ་ ཡིན་ པར་ ཚོད་ དཔག་ བྱེད་ ཀྱི་ ཡོད་ འདུག
གཞན། ཟླ་ འདིའི་ ཕྱི་ ཚེས་ ༩ ཉིན་ གྱི་ དགོང་ མོར་ རྩེ་ ཁོག་ རྡོ་ དཀར་ འབྲོག་ ཏུ་ རྒྱལ་ གཅེས་ དཔའ་ མོ་ བན་ ཆེན་ སྐྱིད་ ལགས་ ཀྱིས་ རང་ ལུས་ མེར་ བསྲེགས་ གནང་ པའི་ ཕྱི་ ཉིན། ས་ གནས་ དེ་ ཁུལ་ གྱི་ གྲྭ་ བ་ དང་ སྔགས་ པ། བཙུན་ མ་ སོགས་ ཧ་ ཅང་ མང་ པོ་ ཞིག་ འདས་ པོའི་ ཁྱིམ་ དུ་ བསྔོ་ སྨོན་ གསུང་ བར་ ཕེབས་ ཡོད་ ཀྱང་ ། དེ་ མ་ ཐག་ རྒྱ་ ནག་ གི་ ཉེན་ རྟོག་ པ་ མང་ པོ་ འབྱོར་ ཏེ་ སྨོན་ ལམ་ གསུང་ དུ་ ཡོང་ མཁན་ ཚང་ མ་ ཕྱིར་ རང་ རང་ གི་ སར་ ལོག་ དགོས་ པའི་ བཙན་ བཀའ་ བཏང་ མཐར། དགེ་ འདུན་ པ་ བཞི་ ཁོ་ ནས་ བསྔོ་ སྨོན་ གསུང་ དགོས་ བྱུང་ བའི་ གནས་ སྟངས་ འོག འདས་ པོའི་ ཕ་ མ་ གཉིས་ རྒྱ་ གཞུང་ གི་ བྱེད་ སྟངས་ དེར་ ཧ་ ཅང་ བློ་ ཕམ་ བྱུང་ ཡོད་ འདུག
དུས་བབདྲྭ་བ་ནས།
