ཨ་
ཁ་ སང་ ཕྱི་ ཚེས་ ༡༡ ཉིན་ སྲིད་ འཛིན་ ཨོ་ བྷ་ མས། ཨ་ རིའི་ གཞུང་ གིས་ སེ་ རི་ ཡའི་ གྱེན་ ལངས་ ཤོག་ ཁག་ གི་ སྒྲིག་ འཛུགས ༼སེ་ རི་ ཡའི་ རྒྱལ་ ཡོངས་ ལྷན་ ཚོགས༽
ཞེས་
ཨ་ རིའི་ ཁྲིམས་ མཐུན་ ངོས་ ལེན་ གྱི་ ཐག་ གཅོད་ དེ་ ནི། ཡུ་ རོབ་ མཐུན་ ཚོགས་ དང་ དབྱིན་ ཇི།ཧྥ་ རན་ སི། ཊུར་ ཀེ་ སོགས་ ཀྱིས་ སེ་ རི་ ཡའི་ གྱེན་ ལངས་ ཤོག་ ཁག་ གི་ སྒྲིག་ འཛུགས་ ལ་ ཁྲིམས་ མཐུན་ དུ་ ངོས་ འཛིན་ བྱས་ ཏེ་ ཟླ་ གཅིག་ གི་ རྗེས་ སུ་ ངོས་ ལེན་ བྱས་ པ་ ཞིག་ ཆགས་ ཡོད་ པ་ དང་ ། ཨོ་ བྷ་ མས་ གྱེན་ ལངས་ ཤོག་ ཁག་ གི་ སྒྲིག་ འཛུགས་ ལ་ དྲག་ སྤྱོད་ པའི་ བྱ་ འགུལ་ མི་ སྤེལ་ རྒྱུའི་ སྐུལ་ འདེད་ བྱས་ ཡོད་ པ་ མ་ ཟད། ཨོལ་ ཁཱ་ ཊ་ དྲག་ སྤྱོད་ ཤོག་ ཁག་ དང་ འབྲེལ་ ལམ་ ཡོད་ པའི་ འཇིགས་ སྣང་ བྱེད་ ཀྱི་ ཡོད་ འདུག
གཞན། དེ་ རིང་ གཟའ་ ལྷག་ པའི་ ཉིན་ མཱོ་ རཱོ་ ཀཱོ་ (Morocco) ནང་ སེ་ རི་ ཡའི་ གྲོགས་ པོའི་ ལྷན་ ཚོགས་ ཞིག་ ཚོགས་ ཡོད་ ཅིང་ ། ལྷན་ ཚོགས་ དེར་ རྒྱལ་ ཁབ་ ༧༠ཕྱི་ སྲིད་ བློན་ ཆེན་ མཉམ་ ཞུགས་ ཐོག སེ་ རི་ ཡའི་ ནང་ གི་ གནས་ བབ་ དང་ རྒྱལ་ སྤྱིའི་ སྤྱི་ ཚོགས་ ཀྱིས་ གདོང་ ལེན་ ཇི་ ལྟར་ བྱ་ དགོས་ པའི་ སྐོར་ ལ་ གྲོས་ བསྡུར་ བྱས་ ཡོད་ འདུག་ ལ། ལྷན་ ཚོགས་ དེར་ སེ་ རི་ ཡའི་ རྒྱལ་ ཡོངས་ ལྷན་ ཚོགས་ ཀྱི་ འཐུས་ མི་ ཡང་ བཅར་ ཡོད་ འདུག
དེ་ བཞིན་ དབྱིན་ ཡུལ་ དུ་ རྒྱལ་ སྤྱིའི་ དམག་ དོན་ མཐོ་ རིམ་ དཔོན་ རིགས་ ཀྱི་ ལྷན་ ཚོགས་ ཤིག་ ཚོགས་ ཏེ། སེ་ རི་ ཡའི་ གྱེན་ ལངས་ ཤོག་ ཁག་ ལ་ སྦྱོང་ བརྡར་ སྤྲོད་ རྒྱུ་ དང་ ། མཁའ་ དམག་ དང་ མཚོ་ དམག་ གི་ རྒྱབ་ སྐྱོར་ བྱེད་ བྱ་ ཕྱོགས་ ཐད་ གྲོས་ བསྡུར་ བྱས་ ཡོད་ འདུག
སེ་ རི་ ཡའི་ ལྟ་ ཞིབ་ སྡེ་ ཚན་ ཁག་ གི་ བཏོན་ པའི་ སྙན་ ཐོ་ ལྟར་ ན། འདས་ པའི་ པའི་ ཟླ་ ༡༨ རིང་ སེ་ རི་ ཡའི་ གྱེན་ ལངས་ ཤོག་ ཁག་ གིས་ སྲིད་ འཛིན་ བྷ་ ཤར་ དང་ ཁོང་ གི་ སྲིད་ གཞུང་ ལ་ ངོ་ རྒོལ་ གྱེན་ ལངས་ བྱས་ པའི་ ཟིང་ འཁྲུག་ ཁྲོད། མི་ ཁྲི་ ༤ ཙམ་ དམར་ གསོད་ རྐྱེན་ འདས་ སུ་ ཕྱིན་ ཡོད་ པ་ དང་ ། ཡུལ་ མི་ བྱེ་ བ་ ༥༠ ཙམ་ ཁྱིམ་ མཚེས་ རྒྱལ་ ཁབ་ ཁག་ ཏུ་ བྲོས་ བྱོལ་ སྐྱབས་ བཅོལ་ དུ་ ཕྱིན་ ཡོད་ འདུག
གསར་ འགོད་ པ། བནྡེ་ སྐྱབས།
དུས་བབ་དྲྭ་བ་ནས།
