རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཡུ་གུར་བ་ ༤ ལ་སྲོག་ཁྲིམས།


རྒྱ་གཞུང་གིས་གནམ་གྲུར་རྒོལ་གཏོར་བྱས་པའི་ཉེས་མིང་འོག  ཡུ་གུར་བ་  ལ་དུས་ཐོག་སྲོག་ཁྲིམས་དང་ ཡུ་གུར་བ་  ལ་དུས་འགྱངས་སྲོག་ཁྲིམས་བཅད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཤིན་ཅང་ཧི་ཐེན་ཁུལ་འབྲིང་རིམ་ཁྲིམས་ཁང་གིས།  ཁྲིམས་འགལ་གྱི་རྩ་འཛུགས་དང་སྣེ་ཁྲིད། དྲག་སྤྱོད་སྒྲིག་འཛུགས་ཁྲོད་འཛུལ་ཞུགས། གནམ་གྲུར་གཏོར་རྒོལ་བྱས་པ་སོགས་ཀྱི་ཉེས་མིང་འོག  ཡུ་གུར་བ་མུའུ་ཧྲ་ཡའེ་
སུའུ་ཧྥུ་དང་ ཨེ་རིག་ཞི་ཏིས་ཁ་ལའེ་ཡུ་མེན། ཝུ་མེ་ཨར་ཡུ་མེན་བཅས་ལ་དུས་ཐོག་སྲོག་ཁྲིམས་དང་ ཨ་ལིས་མུའུ་མུའུ་ཧྲ་ལ་དུས་འགྱངས་སྲོག་ཁྲིམས་བཅས་བཅད་འདུག
རྒྱ་དམར་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་  ཚེས་ ༢༩ ཉིན་གནམ་གྲུའི་ནང་གཏོར་རྒོལ་བྱ་སྤྱོད་སྤེལ་ལ་བརྟེན་ནས།  ཡུ་གུར་བ་  འཇུ་བཟུང་བྱས་ཡོད་པ་དང་ དེའི་ཁྲོད་ནས་ཨ་པཱཔེ་ཁི་རི་པི་ལ་ཡུས་མུའུ་དང་མའེ་མའེ་ཐུས་ཡེ་ལི་ཡི་སུ་ཧྥུ་གཉིས་འཇུ་བཟུང་སྐབས་རྨས་སྐྱོན་ཕོག་སྟེ།  རྗེས་སུ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་པར་འདས་གྲོངས་སུ་གྱུར་ཡོད་ཚུལ་དང་། དེ་མིན་གཞན་བཞིའི་ཁྲོད་ནས་ ༣ ལ་དུས་ཐོག་སྲོག་ཁྲིམས་དང་ ༡ ལ་དུས་འགྱངས་སྲོག་ཁྲིམས་བཅད་ཡོད་སྐོར་བསྒྲགས་འདུག
འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལི་ཞ་ཏི་ཡིས་གསར་ལམ་ཁག་ཏུ། རྒྱ་གཞུང་གིས་ཡུ་གུབ་དེ་དག་ལ་སྲོག་ཁྲིམས་བཅད་པའི་དམིགས་ཡུལ་གཙོ་བོ་ནི། གྱོད་དོན་དེར་ཁ་གཡར་ཏེ་ཡུ་གུར་མི་མང་ལ་སྔར་བའི་དྲག་གནོན་བྱ་རྩིས་ཡིན་ལ།  ཁྲིམས་གཅོད་ཀྱི་བརྒྱུད་རིམ་ཁྲོད་ཁྲིམས་རྩོད་པའི་དག་འབུལ་ཁེ་དབང་སྤྲད་མེད་དང་།  བཀག་སྡོམ་ནན་མོ་བྱས་ཏེ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་པ་མ་ཟད། དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ནི་ཡུ་གུར་བ་དེ་དག་གིས་གནམ་གྲུའི་ནང་གཏོར་རྒོལ་བྱ་སྤྱོད་སྤེལ་བ་ཞིག་མ་ཡིན་པར། གནམ་གྲུའི་ནང་རྒྱ་རིགས་རྣམས་དང་རྐུབས་སྟེགས་འཕྲོག་རྩོད་ཀྱི་འཁྲུག་འཛིང་ཤོར་བ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།