རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གྲྭ་པ་ ༣ འཇུ་བཟུང་བཙན་འཁྲིད།


ཉེ་ཆར་རྒྱ་གཞུང་གིས་བོད་མདོ་སྨན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་རྟི་ཞང་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུམ་འཇུ་བཟུང་བྱས་འདུག
ཉེ་སྔོན་མཚོ་ཁུལ་གྱི་སློབ་མའི་ཡར་ལངས་ཁྲོམ་སྐོར་གྱི་གནས་ཚུལ་དང་པར་རིས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག  ཁུལ་དེའི་གསེར་ཆེན་རྫོང་ཨིར་རྟི་ཞང་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་དང་གྲགས་བཟང་། ཡེ་ཤེས་བཟང་བཟང་བོ་གསུམ་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་
ཡོད་པ་མ་ཟད། དམག་མིས་རླངས་འཁོར་ཆེ་བ་བཅུ་དང་འཇེབ་འཁོར་ཆུང་ཁ་ཤས་བཅས་དགོན་པའི་ཉེ་འདབས་སུ་འོང་སྟེ་རྔམས་རྫིག་འཇིགས་སྐུལ་བྱས་ཡོད་འདུག
གྲྭ་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་དོན།  ཟླ་འདིའི་ཕྱི་ཚེས་  ༡ ཉིན་གྲྭ་སུང་རབ་རྒྱ་མཚོ་ལགས་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆ་ནས་ཉེན་རྟོག་དམག་མིས་འཇུ་བཟུང་བཙན་ཁྲིད་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་གྱི་དགོང་མོ་དྲག་ཆས་ཉེན་རྟོག་དམག་མི་གསང་སྟབས་ཀྱིས་འཁྱམས་རུ་དགོན་པའི་ནང་འོངས་ཏེ། དགོན་པའི་དཀོན་གཉེར་གྲྭ་གྲགས་བཟང་ལགས་ལྐོག་ནས་འཇུ་བཟུང་བཙན་འཁྲིད་བྱ་རྩིས་བྱས་ཀྱང་ དགོན་པའི་དགེ་འདུན་པ་ཁ་ཤས་ཞོགས་ཚོགས་ལ་བསྐྱོད་སྐབས་དམག་མི་དགོན་པའི་འདུ་ཁང་གི་ཉེ་འདབས་སུ་སྦས་སྐུང་བྱས་ཡོད་པ་མཐོང་བར་བརྟེན་ནས། མཚན་མོ་དེར་དཀོན་གཉེར་གྲྭ་གྲགས་བཟང་གསང་ཁྲིད་བྱེད་ཐུབ་མེད་པ་རེད། ཡིན་ནའང་། ཕྱི་ཚེས་ ༣ ཉིན་ཉེན་རྟོག་དམག་མི་དགོན་པར་འབྱོར་སྟེ་གྲྭ་བཟང་གྲགས་དང་ཡེ་ཤེས་བཟང་པོ་གཉིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག 
དེ་བཞིན། ཉིན་དེར་དྲག་ཆས་ཉེན་རྟོག་དམག་མི་རླངས་འཁོར་ཆེ་བ་བཅུ་དང་འཇེབ་འཁོར་ཆུང་བ་ཁ་ཤས་བཅས་དགོན་པའི་ཉེ་འདབས་ཀྱི་རྡོ་ལམ་སྟེ། དེ་སྔའི་ ༨༧༨༢ གསང་བའི་དམག་ཁུལ་གྱི་གནམ་ཐང་དུ་སླེབས་ཏེ་རྔམས་རྫིག་འཇིགས་སྐུལ་གྱི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། དགོན་པའི་གྲྭ་བཙུན་དེ་དག་གནད་ཡོད་ཚུལ་དང་། ཡིད་འཐད་མེད་ཚེ་ཞིང་ཆེན་གྲོང་ཁྱེར་དུ་ཞུ་གཏུགས་བྱེད་དུ་སོང་ཞེས་ངར་ངར་རྫིག་རྫིག་བྱས་སྟབས། དགོན་པའི་གྲྭ་བཙུན་བརྒྱ་ཕྲག་ཅིག་འདུ་འཛོམས་ཐོག་དགོན་པ་ནས་ཕྱིར་ཐོན་ཏེ་རྒྱ་གཞུང་གི་གོམ་རིམ་སྡེ་ཁག་ལ་ཞུ་གཏུགས་བྱེད་དུ་བསྐྱོད་ཡོད་ཀྱང་། ལམ་བར་ནས་ས་གནས་ཀྱི་ཆུ་རྔ་དང་གཡང་རོང་སྡེ་བའི་མང་ཚོགས་ཀྱིས་ཞུ་འབོད་བྱས་པར་བརྟེན་ནས། དགེ་འདུན་པ་རྣམས་ཕྱིར་དགོན་པའི་ནང་ལོག་ཡོད་འདུག 
ཉེ་ཆར་མཚོ་ལྷོ་ཁུལ་ཏུ་སློབ་མའི་ཡར་ལངས་ཁྲོམ་སྐོར་བྱུང་རྗེས་རྒྱ་གཞུང་གིས་ལས་འགུལ་སྣེ་ཁྲིད་བྱེད་མཁན་གྱི་དོགས་ཡོད་ཉེས་མིང་འོག་སློབ་ཕྲུག་ ༧ འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རྣམས།  ད་ལྟའི་ཆར་ག་ཡོད་གང་ཁྲིད་ཀྱི་གནས་སྟངས་གང་ཡང་ཤེས་ཐུབ་ཀྱི་མེད་འདུག  
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲ་བ་ནས།