རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སུ་ཇཱ་བོད་ཁྱིམ་གྱི་སློབ་མ་ ༡༠༣ གྱིས་སྦིར་ནས་ངྷ་ས་བར་གོམ་བགྲོད།


ཁ་སང་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་སུ་ཇཱ་བོད་ཁྱིམ་གྱི་༼སློབ་མའི་རང་རྟོགས་ཀྱི་ཞི་བའི་གོམ་བགྲོད༽བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱགཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ཐང་དུ་མཇུག་སྒྲིལ་ཡོད།
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་མ་སྐལ་བཟང་ཚེ་རིང་དང་དཀོན་མཆོག་རིན་ཆེན་གཉིས་ཀྱི་སྣེ་འཁྲིད་འོག
བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་གྲངས་འབོར་གཞིར་བཟུང་སློབ་གྲྭའི་དང་བླངས་སློབ་མ་ ༡༠༣ རྒྱ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། སློབ་གྲྭ་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་༼སློབ་མའི་རང་རྟོགས་ཀྱི་ཞི་བའི་གོམ་བགྲོད༽ཅེས་པ་ཞིག་གནང་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་སྤྱི་ལེ་ ༧༥ ལྷག་གི་རིང་གོམ་བགྲོད་གྱིས་བཞུགས་སྒར་དུ་འབྱོར་ཏེ། མེག་གྷན་སྲང་ལམ་དུ་ཁྲོམ་སྐོར་དང་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་མར་མེ་མཆོད་འབུལཞིག་དང་ལྷན་དུ་མཇུག་བསྡོམས་གནང་ཡོད།
ལས་འགུལ་མཇུག་བསྡོམས་ཐོག་ལས་འགུལ་སྣེ་འཁྲིད་པ་སློབ་བུ་དཀོན་མཆོག་རིན་ཆེན་གྱིསཐེངས་འདིར་གོམ་བགྲོད་པ་ཚང་མས་ཁ་རས་ནག་པོས་གཡོག་ཅིང་། རྒྱལ་གཅེས་པ་རྣམས་ཀྱི་མིང་དང་པར་བསྣམས་ཏེ་གོམ་བགྲོད་བྱས་པའི་དམིགས་ཡུལ་གཙོ་བོ། བོད་ནང་སྨྲ་བརྗོད་རང་དབང་མེད་པ་དང་རང་ལུས་མེར་བསྲེཊ་ཀྱི་གྲངས་འབོར་མཚོན་ཆེད་ཡིན་ཞིང་། བོད་ནང་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེཊ་དང་སློབ་མ་ཚོས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་ངོ་རྒོལ་གནང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་དྲང་བདེན་དང་ཞི་བདེར་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་བོད་མི་རིགས་ལ་རྒྱབ་སྐྱོར་དང་རང་དབང་ཅན་གྱི་གསར་འགོད་པ་མངགས་གཏོང་ཡོང་བའི་འབོད་སྐུལ་བཅས་ཀྱི་ཆེད་ཡིན་སྐོར་ངོ་སྤྲོད་གནང་བྱུང་
ཁོས་བརྗོད་དོན། “ ང་ཚོ་འདིར་འཛོམས་པ་དེ་སོ་སོའི་ལུང་པར་འཛོམས་པ་མིན་པར་མི་ཡུལ་ལུང་པར་འཛོམས་ཡོད་པ་རེད། མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཉིད་ཀྱི་ལུང་པ་ངོ་མ་དེ་མིན་སྟབས། ང་ཚོས་ད་ལྟའི་ཆར་བོད་མི་ཚོ་ཤི་དང་གསོན། འཛམ་གླིང་ཐོག་གནས་དང་མི་གནས་ཛ་དྲག་གི་དུས་སྐབས་སུ་བསླེབས་ཡོད་པ་ཤེས་དགོས། བོད་ནང་བོད་མི་མང་པོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་དང་། ལྷག་པར་དུ་རང་ལོ་ ༡༦  ༡༧ ཅན་གྱི་གཞོན་སྐྱེས་མང་པོ་ཞིག་གིས་རང་ལུས་མེར་བསྲེཊ་གནང་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་སྲིད་དབང་འོག་འདུག་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པས། བཙན་བྱོལ་བོད་མི་བོད་ནང་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་འི་ཛ་དྲག་གི་གནས་སྟངས་ཐོག་ཕྱི་ནང་གཉིས་ཀ་སེམས་དང་སེམས་འབྲེལ་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་
གསར་འགོད་པས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ལྷ་མོ་སྐྱིད་ལགས་སུ། བོད་ཕྱི་ནང་གི་རང་ལུས་མེར་བསྲེགས་སྐོར་ལ་ག་རེ་དྲན་ཡོད་མེད་དྲིས་པར། “ སྤྱིར་བཏང་རང་ལུས་མེར་བསྲེཊ་གནང་མཁན་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཆེད་བློས་གཏོང་གནང་གི་ཡོད་ཀྱང་། ང་རང་གིས་ཞེ་དྲག་ཡག་པོ་ཞིག་རེད་དྲན་མ་སོང་། ང་ཚོ་བོད་མིའི་གྲངས་ཀ་ཉུང་ཉུང་རེད། འདི་འདྲའི་མི་མང་པོ་ཞིག་གིས་མེར་བསྲེགས་བཏང་བ་ཡིན་ན། བོད་མི་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དེ་བས་ལས་འགུལ་སྤེལ་སྟངས་གཞན་པའི་ཐོག་ལ་བསམ་བློ་བཏང་ན་བསམ་གྱི་འདུག ང་རང་དེང་སྐབསངྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཡིན། ཡིན་ནའང་། སུ་ཇཱ་བོད་ཁྱིམ་དེ་ངའི་མི་ཚེའི་སྒྲོན་མེ་ལྟ་བུ་ཆགས་ཡོད། ཉེ་ཆར་གྲོགས་མོ་ཞིག་བརྒྱུད་ནས་ལས་འགུལ་འདིའི་ནང་མི་འདང་གི་མེད་གོ་སོང་བས། ང་རང་ལ་སེམས་ཤུགས་འཕར་ཏེ་མཉམ་ཞུགས་བྱས་པ་ཡིན། ’’ཞེས་དང་། “ ང་རང་གི་ངོས་ནས་སྔོན་མ་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རེ་བ་ཆེན་པོ་བརྒྱབ་ཀྱང་། ད་ལྟའི་བར་སློབ་ཕྲུག་ཁོ་ན་ལས་ལས་འགུལ་ཉུང་ཉུང་ཡིན་པའི་ཚོར་སྣང་བྱུང་སོང་། ང་ཚོའི་ལས་འགུལ་ཕྱོགས་གཅིག་ཁོ་ནས་སྤེལ་ན་འགྲིག་གི་ཡོད་པ་མ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་
སློབ་མ་མགོན་རྒྱལ་ལགས་སུ་བོད་པའི་ལས་འགུལ་ཁག་ལ་ནུས་པ་འཐོན་གྱི་ཡོད་པར་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས། “ བོད་ཕྱི་ནང་གཉིས་སུ་མི་བརྒྱ་ལྷག་གིས་མེར་བསྲེགས་བཏང་ཡོད་ཀྱང་། དེ་ལ་དཔག་པའི་འབྲས་བུ་ཞིག་འཐོན་ཡོད་པ་མ་རེད། ང་རང་གི་ངོས་ནས་གནད་འགག་གཙོ་བོ་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་མེད་པ་དང་། རྒན་རབས་པ་མང་པོས་གཞོན་སྐྱེས་ཚོར་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་སོགས་གནོན་ཤུགས་མང་པོ་སྤྲད་སྟབས། བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་པ་ཆེན་པོ་བྱུང་ཡོད་པ་རེད་བསམ་གྱི་འདུག མ་འོངས་པར་བོད་པའི་རྩ་དོན་འགྲུབ་དགོས་ན་ཐོག་མར་ང་ཚོའི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ང་རང་ལ་མཚོན་ན་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་དོན། ཉེ་སྔོན་བོད་མདོ་སྨད་ཕྱོགས་སུ་སློབ་ཕྲུག་ ༧༠༠༠ ལྷག་གིས་རྒྱ་གཞུང་ལ་མི་རིགས་དང་སྐད་ཡིག་རང་དབང་ཆེད་ངོ་རྒོལ་གནང་བའི་གནས་ཚུལ་སོགས་ཀྱིས་ང་ཚོའི་བཙན་བྱོལ་དུ་ཡོད་པའི་སློབ་མ་ཚོའི་ངོས་ནས་ཀྱང་ལས་འགུལ་སྤེལ་ཐུབ་ན་བསམ་ཏེ་མཉམ་ཞུགས་བྱས་པ་ཡིན ཞེས་བརྗོད་བྱུང་
གསར་འགོད་པ། དོན་གོ 
དུས་བབ་དྲ་བ་ནས།