རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་གནང་ཡོད།


བོད་རྒྱ་ཞི་མོལ་ལས་དོན་ཚོཊ་ཆུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ། རྒྱ་ནག་མགོ་ཁྲིད་གསར་པའི་གནས་སྟངས་ཐོག་བཀའ་བསྡུར་གནང་ཡོད་ཟེར།
ཟླ་སྔོན་མའི་ཕྱི་ཚེས་ ༣༡ ནས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་བར་བཞུགས་སྒར་གངས་ཅན་སྐྱིད་གཤོངས་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་འོག བོད་
རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༥ པ་སྐོང་ཚོགས་གནང་ཡོད་པ་ལྟར ། དེ་རིང་ཚོགས་འདུའི་ཉིན་མཐའ་མར་འཛིན་སྐྱོང་བཀའ་ཤག་གིས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་བའི་ཡིག་ཐོག་གི་གསལ་བསྒྲགས་ཤིག་བསྐྱངས་འདུག
ཡིག་ཐོག་གསལ་བསྒྲགས་དེའི་ནང་། ཐེངས་འདིའི་ཚོགས་འདུའི་སྐབས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་ཚུལ་གྱིས་མཚོན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་མགོ་ཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་བསྡུར་དང་། བོད་དང༌རྒྱ་ནག དེ་བཞིན་རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་གྱི་མདུན་ལམ་དང་གནས་སྟངས་གདོང་ལེན་ཞུ་ཕྱོགས་ཐོག་གོ་བསྡུར་སྦྱང་བཤད་གནང་ཡོད་པ་དང་།  ྋགོང་ས་མཆོག་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་འབྲེལ་མོལ་མུ་མཐུད་ཐབས་སུ་དོན་ཕན་ལྡན་པའི་དགོངས་ཚུལ་སོཊ་གསུངས་ཡོད། ཅེས་འཁོད།  
ཡང་གསལ་བསྒྲགས་དེར། བོད་མིའི་མགོ་ཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུར་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་སྟབས། ས་གནས་དང༌དུས་ཚོད་གང་འདྲ་ཞིག་ཏུ་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད།  བོད་མིའི་མགོ་ཁྲིད་ཀྱིས་བོད་མི་ཚོས་རང་ལུས་མེར་བསྲེཊ་ཀྱིས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་མུ་མཐུད་ཞུ་བཞིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་ནང་གི་མིག་སྔའི་གནས་སྟངས་ལ་ཐུགས་འཚབ་དང༌། འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པ་བཅས་ཀྱི་བསྒྲགས་གཏམ་སྤེལ་བར་དགའ་བསུ་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་བྱས་ཏེ། ད་ལོའི་ཕྱི་ཟླ་ ༣ པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་རྒྱ་ནག་མགོ་ཁྲིད་གསར་པའི་ལས་འགན་ཆ་ཚང་བླངས་རྗེས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་བྱ་རྒྱུ་ཡིན། ཞེས་འཁོད་འདུག
 
གསར་འགོད་པ། དོན་གོ
དུ་བབ་དྲྭ་བ་ནས།