རྒྱ་ གཞུང་ གིས་ བོད་ མདོ་ སྨད་ རྨ་ ལྷོ་ རེབ་ གོང་ གི་ བོད་ མི་ ཞིག་ འཛིན་ བཟུང་ གིས་ གསང་ བའི་ སྒོ་ ནས་ ཁྲིམས་ ཐག་ བཅད་ དེ། ད་ ཆར་ ཟི་ ལིང་ གྲོང་ ཁྱེར་ གྱི་ བཙོན་ ཁང་ ཞིག་ ཏུ་ བཀག་ ཉར་ བྱས་ འདུག
ཉེ་ སྔོན་ རྒྱ་ ནག་ གཞུང་ གིས་ བོད་ མདོ་ སྨད་ མཚོ་ སྔོན་ ཞིང་ ཆེན་ རྨ་ ལྷོ་ ཁུལ་ རེབ་ གོང་ སེང་ གེ་ གཞུང་ གི་ གཞོན་ སྐྱེས་ ཡུམ་ སྐྱབས་ ཞུ་ བ་ ཞིག་ འཛིན་ བཟུང་ བྱས་ ཏེ། ཟླ་ ཤས་ རིང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཤེས་ མེད་ ཀྱང་ ། ཉེ་ ལམ་ ནང་ མི་ ཉེ་ འབྲེལ་ ཚོས་
རྒྱ་ གཞུང་ གིས་ ཡུམ་ སྐྱབས་ ལགས་ འཛིན་ བཟུང་ བྱས་ དོན་ ནི། ཁོང་ གི་ ལག་ འཁྱེར་ ཁ་ པར་ ནང་ ༸གོང་ ས་ མཆོག་ གི་ སྐུ་ པར་ དང་ ། ༣༡༤ དོན་ རྐྱེན་ སྐབས་ དམག་ མིས་ མི་ མང་ ལ་ གང་ བྱུང་ གཅར་ རྡུང་ བྱེད་ བཞིན་ པའི་ འདྲ་ པར་ ཉར་ ཡོད་ པའི་ ཉེས་ མིང་ འོག་ འཛིན་ བཟུང་ བྱས་ པ་ ཞིན་ ཡིན་ འདུག་ ལ། ཡང་ ས་ གནས་ བོད་ མིའི་ ཁྲོད་ དུ། རྒྱ་ གཞུང་ གིས་ ཁོང་ བོད་ ཕྱི་ ཕྱོགས་ ཀྱི་ གསར་ འགོད་ པ་ ཞིག་ དང་ འབྲེལ་ བ་ ཡོད་ པའི་ གནས་ ཚུལ་ ཤེས་ རྟོགས་ བྱུང་ བ་ དང་ ། ཕྱིས་ སུ་ ཁ་ པར་ ནང་ སྔོག་ བཤེར་ བརྒྱུད་ འདྲ་ པར་ ཁག་ ལག་ སོན་ བྱུང་ སྟེ་ འཛིན་ བཟུང་ བྱས་ པ་ ཡིན་ པའི་ གླེང་ སློང་ ཡོང་ གི་ ཡོད་ ཚུལ་ བོད་ ནས་ འབྲེལ་ ཡོད་ བོད་ མི་ ཞིག་ གིས་ ཨེ་ ཤ་ ཡ་ རང་ དབང་ རླུང་ འཕྲིན་ ཁང་ ལ་ བརྗོད་ ཡོད་ འདུག
རང་ ལོ་ ༢༥ ཡིན་ པའི་ ཡུམ་ སྐྱབས་ ལགས་ ནི། རྨ་ ལྷོ་ ཁུལ་ རེབ་ གོང་ རྫོང་ སེ་ གེ་ གཤོང་ ཡ་ མགོ་ སྡེ་ བའི་ ཕ་ མཁའ་ འགྲོ་ མཐར་ དང་ མ་ མི་ མཚོ་ ཁོ་ གཉིས་ ཀྱི་ བུ་ ཡིན་ འདུག་ ལ། བཟའ་ ཟླའི་ མིང་ ལ་ རྟ་ མགྲིན་ སྒྲོལ་ མ་ འབོད་ ཀྱི་ ཡོད་ འདུག ཁོང་ གིས་ ཆུང་ དུས་ ནས་ ལྷ་ བྲིས་ སྒྱུ་ རྩལ་ ལ་ སློབ་ སྦྱོང་ བྱས་ ཏེ། ད་ ལྟའི་ བར་ ཐང་ ག་ འབྲི་ བཞེངས་ ཀྱི་ ལམ་ ནས་ ནང་ མིའི་ འཚོ་ ཐབས་ བཙལ་ གྱི་ ཡོད་ འདུག་ ལ། ཁོང་ འཛིན་ བཟུང་ བྱས་ རྗེས་ ནང་ མི་ ཚོ་ དཀའ་ ངལ་ ཁྲོད་ ལྷག་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲྭ་བ་ནས།
