ལྷོ་ ཕྱོགས་ ཁུལ་ གྱི་ ཞུ་ གཏུག་ ལས་ འགུལ་ ཚོགས་ ཆུང་ གིས་ ཀཱ་ ན་ ཊ་ ཀཱ་ མངའ་ སྡེའི་ སྲིད་ སྐྱོང་ དང་ སྤྱི་ ཁྱབ་ བློན་ ཆེན། གྲོས་ ཚོགས་ ཚོགས་ གཙོ་ བཅས་ གནད་ ཡོད་ མི་ སྣར་ མཇལ་ འཕྲད་ གནང་ སྟེ་ བོད་ དོན་ ཞུ་ གཏུག་ གི་ ལས་ འགུལ་ སྤེལ་ ཡོད་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༡ ཉིན་ ནས་ བཟུང་ བོད་ མི་ མང་ སྤྱི་ འཐུས་ ལྷན་ ཚོཊ་ ཀྱིས་ རྒྱ་ གར་ ལྷོ་ ཕྱོགས་ དང་ བྱང་ ཕྱོཊ། བྱང་ ཤར་ བཅས་ སུ་ བོད་ དོན་ ཞུ་ གཏུག་ གི་ ལས་ འགུལ་ ཞིག་ སྤེལ་ མགོ་ བཙུགས་ ཡོད་ པ་ ལྟར། རྒྱ་ གར་ ལྷོ་ ཕྱོགས་ ཁུལ་ གྱི་ སྤྱི་ འཐུས་
ཉིན་ རྒྱབ་ ཀཱ་ ན་ ཊ་ ཀཱའི་ མངའ་ སྡེའི་ སྤྱི་ ཁྱབ་ བློན་ ཆེན་ སྐུ་ ཞབས་ (Jagadish Shetter) མཆོག་ དང་ མཇལ་ འཕྲད་ ཀྱིས། བོད་ དོན་ ངོ་ སྤྲོད་ ཀྱི་ དེབ་ དང་ ཡིག་ ཆ། འོད་ སྡེར་ སོགས་ ཕུལ་ ཡོད་ པ་ མ་ ཟད། རང་ ལུས་ མེར་ བསྲེཊ་ གཙོས་ པའི་ བོད་ ནང་ གི་ ཛ་ དྲག་ གི་ གནས་ སྟངས་ ངོ་ སྤྲོད་ ཀྱིས་ བོད་ དོན་ ཐོག་ རྒྱབ་ སྐྱོར་ ཡོང་ བའི་ འབོད་ སྐུལ་ ཞུས་ པར། བློན་ ཆེན་ མཆོག་ གིས་ ཀཱ་ ན་ ཊ་ ཀཱ་ མངའ་ སྡེའི་ ནང་ ལྟ་ བ་ མི་ མཐུན་ པའི་ ཚོགས་ སྡེ་ འདྲ་ མིན་ ཡོད་ ཀྱང་ ། ཚང་ མས་ བོད་ དོན་ ཐོག་ རྒྱབ་ སྐྱོར་ བྱེད་ ཀྱི་ ཡོད་ སྐོར་ དང་ ། ཁོང་ གཙོས་ པའི་ མངའ་ སྡེ་ མི་ མང་ དུས་ ནམ་ ཡང་ བོད་ དང་ བོད་ མིའི་ རྒྱབ་ ཏུ་ ཡོད་ ཅེས་ སོཊ་ གསུངས་ ཡོད་ པ་ མ་ ཟད། ཉིན་ དེར་ སྤྱི་ ཁྱབ་ བློན་ ཆེན་ ཟུར་ བ་ སྐུ་ ཞབས་ (B.Syeddurappa) མཆོག་ དང་ ལྕམ་ སྐུ་ (Shobhs Karandlagr) མཆོག་ དང་ ། བློན་ ཆེན་ ( mokrigehi) མཆོག གྲོས་ ཚོགས་ འཐུས་ མི་ ཁག་ ཅིག་ བཅས་ ཀྱིས་ ཀྱང་ བོད་ དོན་ རྒྱབ་ སྐྱོར་ གནང་ རྒྱུའི་ ཁས་ ལེན་ གནང་ ཡོད་ འདུག
ཕྱི་ ཚེས་ ༣ ནས་ ༥ བར་ སྤྱི་ འཐུས་ རྣམ་ པས་ མུ་ མཐུད་ ཀིང་ རི་ སི་ མངའ་ སྡེ་ སྤྱི་ ཁྱབ་ ལས་ ཁུངས་ སུ་ བཅར་ ཏེ་ རྒྱུན་ ལས་ ༢༣ ཙམ་ ལ་ ཐུག་ འཕྲད་ དང་ ། བློན་ ཆེན་ དང་ འཐུས་ མི་ ཟུར་ བ་ བཅས་ ཚོགས་ སྡེ་ འདྲ་ མིན་ གྱི་ མི་ སྣ་ ༡༨ ལྷག་ བཅས་ སུ་ སྔ་ ཕྱིར་ ཐུག་ འཕྲད་ ཀྱིས་ བོད་ དོན་ ཞུ་ གཏུག་ གི་ ལས་ འགུལ་ སྤེལ་ ཡོད་ པ་ མ་ ཟད།མངའ་ སྡེ་ བློ་ ཆེན་ དང་ འཐུས་ མི་ ཁག་ ཅིག་ གདན་ ཞུའི་ ཐོག་ མི་ མང་ ལ་ གཏམ་ བཤད་ དང་ མར་ མེ་ ཁྲོམ་ སྐོར་ བཅས་ གོ་ སྒྲིག་ གནང་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
