རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ལོ་ ༢ ཀྱི་ཁྲིམས་ཐག་བཅད་འདུག


མདོ་སྨད་འཁྱམས་རུ་དགོན་པའི་དགེ་འདུན་གསུང་རབ་རྒྱ་མཚོ་ལགས་སུ་ལོ་  ཀྱི་ཁྲིམས་ཐག་བཅད་དེ་ས་ཕག་བཟོ་གྲྭ་ཞིག་ཏུ་ངལ་རྩོལ་བྱེད་འཇུག་གི་ཡོད་འདུག
བྷལ་ཇེམ་གནས་སྡོད་དཔལ་ལྡནལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ།སྔར་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ཉིན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་
སློབ་ཕྲུག་གི་ངོ་རྒོལ་ཁྲོམ་སྐོར་གྱི་གནས་ཚུལ་དང་པར་རིས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག  ཁུལ་དེའི་གསེར་ཆེན་རྫོང་ཨིར་རྟི་ཞང་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་དང་། གྲགས་བཟང་། ཡེ་ཤེས་བཟང་བོ་གསུམ་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཁོངས་ནས་གྲྭ་ཡེ་ཤེས་བཟང་བོ་དང་ གྲགས་བཟང་གཉིས་ཉིན་ཤས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། གྲྭ་གསུང་རབ་རྒྱ་མཚོ་ལགས་མུ་མཐུད་བཙོན་འཇུག་འདྲི་རྩད་བྱས་ཏེབོད་ལུགས་ལོ་གསར་སྐབས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས་གསང་བའི་ངངལོ་ ༢ ཀྱི་ཁྲིམས་ཐག་བཅད་ཡོད་འདུག 
དུས་ཡུན་གང་འཚམ་རིང་ཁོང་གི་ནང་མི་གཉེན་འབྲེལ་ཚོས་ཁོང་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ཟླ་འདིའི་ཚེས་ཤར་ལ་གནས་ཚུལ་ཤེས་རྟོགས་བྱུང་བར། ཁོང་ནི་ད་ལྟ་ཟི་ལིང་གྲོང་ཁྱེར་དང་རྗེ་སྐུ་འབུམ་གཉིས་ཀྱི་ས་འབྲེལ་ས་ཕག་བཟོ་སའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་གིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་འདུག 
གྲྭ་གསུང་རབ་རྒྱ་མཚོ་ནི་ད་ལྟ་རང་ལོ་ ༣༩ ཡིན་ཞིང་ ཁོའི་ཕ་མིང་ལ་འཕགས་མོ་ཚེ་རིང་དང་ མ་མིང་ལ་ཀུན་བཟང་སྐྱིད་ཟེར་ཞིང་ བུ་མོ་སྤུན་  དང་བུ་སྤུན་  བཅས་ཡོད་འདུག
དུས་བབ་དྲ་བ་ནས།