4.jpg)
རྒྱ་ ནག་ གཞུང་ གིས་ སྔར་ ལོའི་ ཕྱི་ ཟླ་ ༣ པའི་ ནང་ བོད་ མདོ་ སྨད་ མཚོ་ སྔོན་ མགོ་ ལོག་ ཁུལ་ པདྨ་ རྫོང་ ངྷི་ མདའ་ ཡུལ་ ཚོའི་ གྲྭ་ ཚེ་ གཡང་ ལགས་ འཛིན་ བཟུང་ བྱས་ ཏེ། ཟླ་ གཅིག་ ཙམ་ གྱི་ རིང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཅི་ ཡང་ མ་ ཤེས་ པར་ ལྷག་ ཡོད་ ཀྱང་ ། རྗེས་ སུ་ ཁོང་ གི་ ཞང་ བོ་ གཙོས་ པའི་ འབྲེལ་ ཡོད་ ཁག་ ཅིག་ ལ། ཁོང་ ༢༠༠༨ ལོ་ ནས་ བཟུང་ དཀར་ མཛེས་ རྫོང་ དང་ འབར་ ཁམས། རྔ་ བ་ བཅས་ ས་ གནས་ ཁག་ ཅིག་ གི་ བོད་ མིའི་ ངོ་ རྒོལ་ ལས་ འགུལ་
རང་ ལོ་ ༢༣ ཡིན་ པའི་ གྲྭ་ ཚེ་ གཡང་ ལགས་ ནི། མགོ་ ལོག་ ཁུལ་ པདྨ་ རྫོང་ ངྷི་ མདའ་ ཡུལ་ ཚོའི་ ཁྱིས་ མདའ་ སྡེ་ བ་ ནས་ ཡིན་ པ་ དང་ ། ཁོང་ ལ་ ཨ་ མ་ དང་ ཕུ་ བོ་ གཉིས་ བཅས་ ཁྱིམ་ མི་ གསུམ་ ཡོད་ པ་ ལས། ཨ་ མ་ དེ་ སྔོན་ ཁང་ པའི་ རྩིག་ གྱང་ ལོག་ པའི་ དོན་ རྐྱེན་ བྱུང་ སྟེ་ འདས་ གྲོངས་ སུ་ ཕྱིན་ ཡོད་ འདུག དེ་ སྔོན་ ཁྱིམ་ ཚང་ གི་ འབྱོར་ བ་ ཧ་ ཅང་ ཞན་ པ་ དང་ ཨ་ མ་ འདས་ གྲོངས་ སུ་ ཕྱིན་ རྗེས་ སྤུན་ གསུམ་ པོ་ རང་ སར་ འཁྱམ་ ཉུལ་ བྱས་ ཏེ། སྤུན་ ཆེ་ བ་ བཀྲ་ ཤིས་ ཆོས་ འགྲུབ་ ཞུ་ བ་ ལོ་ ༡༥ ཡས་ མས་ རིང་ གང་ ཡོད་ ཤེས་ ཀྱི་ མེད་ པ་ དང་ ། སྤུན་ འབྲིང་ བ་ ཉི་ མ་ འོད་ ཟེར་ ཞུ་ བ་ མགོ་ ལོག་ གི་ ས་ ཆ་ གང་ སར་ འཁྱམས་ ཉུལ་ བྱས་ ཏེ་ འཚོ་ བ་ བསྐྱལ་ ཡོད་ འདུག
ཁོང་ ཆུང་ དུས་ སྡོད་ ཁང་ པ་ མེ་ ཤོར་ ཏེ་ མགོ་ དང་ རྐང་ པ། ལག་ པ་ ཡག་ གཅིག་ བཅས་ མེས་ ཚིགས་ ཏེ་ རྨས་ སྐྱོན་ ཚབས་ ཆེན་ ཕོགས་ ཡོད་ པ་ དང་ ། སྐབས་ དེར་ གྲོང་ པ་ ཁྱིམ་ མཚེས་ ཁག་ གིས་ རོགས་ རམ་ འོག་ སྲོག་ ཉེན་ ལས་ མཐར་ ཡོད་ པ་ དང་ ། རྗེས་ སུ་ མགོ་ ལོག་ པདྨ་ རྫོང་ གི་ དབུལ་ ཕོངས་ དང་ དབང་ བོ་ སྐྱོན་ ཅན་ བདག་ མེད་ གཉོར་ སྐྱོང་ བྱེད་ སའི་ ༼བོད་ ཡིག་ བྱམས་ སྐྱོང་ སློབ་ གྲྭ༽ ཟེར་ བའི་ སྒེར་ བཙུགས་ སློབ་ གྲྭ་ ཞིག་ གིས་ བདག་ པོ་ བརྒྱབ་ ཏེ་ ལོ་ ༦ ཡས་ མས་ སུ་ བསྡད་ ཡོད་ ཀྱང་ ། ཡི་ གེ་ འབྲི་ ཀློག་ མ་ ཤེས་ པའི་ དབང་ གིས་ སློབ་ གྲྭ་ ལས་ ཕྱིར་ བུད་ འདུག དེའི་ རྗེས་ སུ་ གྲྭ་ བ་ བྱས་ ཏེ་ གསེར་ རྟ་ ལྔ་ རིག་ ནང་ བསྟན་ སློབ་ གླིང་ དུ་ ཟླ་ ༡ ལྷག་ རིང་ བསྡད་ ཀྱང་ ། འགྲོ་ སོང་ དང་ ཕྱོགས་ ཡོངས་ ཀྱི་ དཀའ་ ངལ་ གྱི་ དབང་ གིས་ འདུག་ མ་ ཐུབ་ པར་ ས་ ཆ་ གང་ མང་ ཞིག་ ལ་ འཁྱམ་ ཉུལ་ བྱས་ ཏེ་ བསྡད་ ཡོད་ པ་ དང་ ། སྐབས་ དེ་ དག་ ཏུ་ ས་ གནས་ ཁག་ གི་ ལས་ འགུལ་ རིམ་ པའི་ ནང་ མཉམ་ ཞུགས་ བྱས་ སྟབས། སྔར་ ལོ་ རྒྱ་ གཞུང་ གིས་ ཁོང་ འཛིན་ བཟུང་ གིས་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།