
ཁ་ སང་ ཕྱི་ ཚེས་ ༣༠ ཉིན་ གྱི་ ཕྱི་ དྲོར་ རྒྱ་ ནག་ ཞིན་ ཧྭ་ གསར་ འགྱུར་ ལས་ ཁང་ གིས་ གནས་ ཚུལ་ སྤེལ་ པ་ ལྟར་ ན། ཕྱི་ ཚེས་ ༢༨ ཉིན་ གནམ་ བདེ་ སྒོ་ མོ་ ཆེའི་ གསེར་ ཆུ་ ཟམ་ པའི་ གཏོར་ རྒོལ་ དོན་ རྐྱེན་ བྱུང་ རྗེས། པེ་ ཅིན་ གྲོང་ ཁྱེར་ ཉེན་ རྟོག་ ཁང་ གི་ མགྲིན་ ཚབ་ པས། དོན་ རྐྱེན་ དེ་ འཆར་ གཞི་ ངེས་ ཅན་ ལྡན་ པའི་ འཇིགས་ སྐུལ་ རིང་ ལུགས་ པའི་ དྲག་ སྤྱོད་ སྤེལ་ བ་ ཞིག་ ཡིན་ པ་ དང་
། འབར་ གས་ བྱུང་ བའི་ རླངས་ འཁོར་ གྱི་ ནང་ ནས་ རླངས་ སྣུམ་ དང་ གྲི།ལྕགས་ དབྱུག ཆོས་ ཚིག་ འཁོད་ པའི་ དར་ ཆ་ བཅས་ རྙེད་ སོན་ བྱུང་ བ་ ལྟར། དོགས་ ཡོད་ ཡུ་ གུར་ བ་ ༥ འཛིན་ བཟུང་ བྱས་ ཡོད་ པ་ དང་ ། ད་ ལྟའི་ ཆར་ ཞཱིན་ ཅང་ ཉེན་ རྟོག་ ཁང་ དང་ མཉམ་ འབྲེལ་ གྱིས་ དོགས་ ཡོད་ ཉེས་ ཅན་ གྱི་ སྡོད་ གནས་ སོགས་ རྩད་ གཅོད་ བྱེད་ བཞིན་ ཡོད་ སྐོར་ བརྗོད་ ཡོད་ པ་ མ་ ཟད། པེ་ ཅིན་ ཉེན་ རྟོག་ ཁང་ གིས་ གྲོང་ ཁྱེར་ ཡོངས་ སུ་ གུ་ ཡུར་ བ་ ༢ ཀྱི་ མིང་ དང་ ཞཱིན་ ཅང་ གི་ རླངས་ འཁོར་ ༤ ཡི་ ཨང་ རྟགས་ བཅས་ འཚོལ་ ཞིབ་ བརྡ་ ཁྱབ་ བཏང་ ཡོད་ འདུག
ཁ་ སང་ ཧོང་ ཀོང་ ལན་ ཧྭ་ ཞོགས་ པའི་ ཚགས་ པར་ གྱིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ གཞུང་ གིས་ རྩད་ གཅོད་ བྱེད་ བཞིན་ པའི་ དོགས་ ཡོད་ ཉེས་ ཅན་ ༨ ལས་ མི་ གཅིག་ སི་ ཁྲོན་ ཞིང་ ཆེན་ ནས་ ཞཱིན་ ཅང་ དུ་ གནས་ སྤོར་ བྱས་ པའི་ རྒྱ་ རིགས་ ཤིག་ ཡིན་ པ་ དང་ ། ཐེངས་ འདིའི་ དོན་ རྐྱེན་ བྱུང་ རྗེས། རྒྱ་ གཞུང་ གིས་ གྲོང་ ཁྱེར་ ཡོངས་ སུ་ ཡུ་ གུར་ འཇིགས་ སྐུལ་ དྲག་ སྤྱོད་ པས་ ཟིང་ ཆ་ སློང་ བཞིན་ ཡོད་ པས་ དོགས་ ཟོན་ ནན་ པོ་ དགོས་ པའི་ བརྡ་ ཁྱབ་ བཏང་ བ་ ལྟར། རྒྱ་ རིགས་ ཚོས་ ཡུ་ གུར་ བར་ སྡང་ ཟུག་ དང་ འཁོན་ སེམས་ ཆེ་ རུ་ འགྲོ་ བཞིན་ ཡོད་ འདུག
ཐེངས་ འདིའི་ དོན་ རྐྱེན་ ཐད་ པེ་ ཅིན་ གྱི་ ཡུ་ གུར་ སློབ་ མ་ ཞིག་ གིས་ བརྗོད་ དོན། “ས་ གནས་ སྲིད་ གཞུང་ ལ་ མི་ མང་ པོ་ རེ་ ཐག་ ཆད་ ཀྱི་ ཡོད་ སྟབས། ཁོ་ ཚོ་ མཐོ་ རིམ་ དཔོན་ རིགས་ དང་ འཛམ་ གླིང་ མི་ མང་ གིས་ དོ་ སྣང་ ཡོང་ ཆེད་ པེ་ ཅིན་ དུ་ ཡོང་ བ་ ཡིན་ སྲིད་ ལ། ལོ་ འདི་ ཚོར་ ང་ ཚོས་ ཞཱིན་ ཅང་ གི་ གནད་ དོན་ ཐོག་ རྟོག་ ཞིབ་ བྱེད་ སྐབས་ རྩོད་ རྙོག་ ཇེ་ ཆེ་ དང་ འགལ་ བ་ མངོན་ གསལ་ དུ་ འགྱུར་ བཞིན་ འདུག སྲིད་ གཞུང་ གིས་ ཆོས་ ལུགས་ སྟངས་ འཛིན་ བྱས་ ཡོད་ ཀྱང་ ཆོས་ ལུགས་ ཀྱི་ གནད་ དོན་ འབུར་ དུ་ ཐོན་ པ་ དང་ ། མི་ མང་ གི་ རེ་ འབོད་ སྦ་ གསང་ བྱས་ ཡོད་ ཀྱང་ སྔར་ ལས་ ཡོངས་ ཁྱབ་ ཏུ་ གྱུར། དེ་ བཞིན་ མི་ མང་ གི་ བསམ་ ཚུལ་ བཙན་ གནོན་ བྱས་ ཡོད་ ཀྱང་ སྔར་ ལས་ མཐོ་ རླབས་ འཕྱུར་ བཞིན་ ཡོད་ པ་ རེད། གནད་ དོན་ འདི་ དག་ ཐག་ གཅོད་ དགོས་ ཚེ། མི་ རིགས་ རང་ སྐྱོང་ ས་ ཁུལ་ གྱི་ བཅའ་ ཁྲིམས་ ནང་ གསལ་ ལྟར། གྲངས་ ཉུང་ མི་ རིགས་ ཀྱི་ ཆོས་ ལུགས་ རང་ དབང་ དང་ སྐད་ ཡིག་ རིག་ གཞུང་ ལ་ སྲུང་ གཙི་ བྱས་ ཏེ། མི་ རིགས་ གཞན་ དང་ རིག་ གནས་ བརྗེ་ རིས་ བྱེད་ སྐབས་ ཕན་ ཚུན་ གུས་ བཀུར་ ཤེས་ དགོས་ པ་ ལས། དྲག་ པོའི་ སྲིད་ བྱུས་ ཀྱིས་ ཁ་ གཏད་ བཅག་ སྟེ་ ཡོང་ ཐབས་ མེད”ཅེས་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ
དུས་བབ་དྲ་བ་ནས།