རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གྲྭ་ཚེ་རིང་རྒྱལ་ལཊ་སྐུ་གྲོངས་འདུག

ཁ་སང་མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་བསྲེཊ་གནང་མཁན་གྲྭ་ཚེ་རིང་རྒྱལ་ལགས། མདང་དགོང་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་དུ་སྐུ་གྲོངས་འདུག
ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་སུ། བོད་མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་པདྨ་མ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་རང་ལོ་ ༢༠
ཡིན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས། པདྨ་རྫོང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་ཁོའི་ལུས་སྟེང་གི་མེ་བསད་དེ་རྫོང་སྨན་ཁང་དུ་བསྐྱལ་ཡོད་པ་དང་མདང་དགོང་ཆུ་ཚོད་ ༡༠ ཡས་མས་སུ་རྫོང་ཉེན་རྟོག་པ་དང་མཉམ་དུ་ཁོང་གི་ཉེ་འབྲེལ་གཅིགདང་། གཞན་ས་གནས་ཀྱི་གྲྭ་བ་གཅིག་བཅས་ཀྱིས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་དུ་སྐུ་གྲོངས་ཡོད་འདུག མདང་དགོང་ཆུ་ཚོད་༡༢ ཙམ་ལ་ཁོང་གི་སྐུ་ཕུང་ཇོ་ནང་ཨ་སྐྱོང་དགོན་དུ་གདན་འདྲེན་ཞུས་ཏེ། ཨ་སྐྱོང་དགོན་དང་པད་ཡག་དགོན། སྒོ་མང་དགོན་པ་བཅས་ཀྱི་གྲྭ་བ་ཚོས་ཕོ་ལུང་དང་བསྔོ་སྨོན་གསུང་བ་དང་། དེ་རིང་ཡང་མུ་མཐུད་མཆོད་འབུལ་སྨོན་ལམ་གསུང་བཞིན་ཡོད་འདུག
འདིའི་ཐད་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན། ཁ་སང་གྲྭ་ཚེ་རིང་རྒྱལ་ལགས་ཀྱིསཔདྨ་རྫོང་གི་ཁྲོམ་དཀྱིལ་དུ་ཨར་འདམ་གྱིས་བཟོས་པའི་མེ་ཏོག་པདྨ་འདབ་བརྒྱད་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འཁོར་དུ་མེར་བསྲེཊ་གནང་སྟེ། རྫོང་སྲིད་གཞུང་གི་ཕྱོགས་སུ་གོམ་པ་ ༡༠ ཙམ་རྒྱུག་ཡོད་པ་དང་། སྐབས་དེར་ཁོང་གིས་"རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།ཞེས་འབོད་ཚིག་བསྒྲགས་ཡོད་པ་ཉེ་འཁོར་གྱི་བོད་མི་ཚོས་གོ་ཡོད་འདུག་ལ། ཁོང་སྐུ་མ་གྲོངས་གོང་ཁ་ཆེམས་བཞག་པ་འབྲེལ་ཡོད་མི་སྣས་ཡིག་ཐོག་ཏུ་ཕབ་ཏེ་ཕྱི་ཕྱོགས་སུ་བསྐུར་ཡོད་པའི་ནང་། “ ངས་དེ་རིང་རང་ལུས་མེར་བསྲེགས་བཏང་དོན་ནི་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་ཡིན། ཁྱེད་ཅག་གིས་ཀྱང་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་ཀྱི་སྐད་དང་ཡི་གེ དེ་བཞིན་དུ་ཡུལ་སྲོལ་གོམ་གཤིས་སོགས་ལ་བདག་པོ་ཡག་པོ་རེ་རྒྱབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། དེ་ལྟར་བྱས་ན་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་ཐུབ་གི་རེད། " ཞེས་བཀོད་ཡོད་འདུག  
དེ་རིང་རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་ཐོག་ཏུ་དམག་མི་འགྲེམ་འཇོག་གིས་རྫོང་གི་ཟམ་ཆེན་དང་སྒོ་ཆེན་སོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག
ཇོ་ནང་ཨ་སྐྱོང་དགོན་པ།
ས་གནས་མི་མང་ཁོང་གི་ཁྱིམ་དུ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་པ།

གསར་འགོད་པ། དོན་གོ
དུས་བབ་དྲ་བ་ནས།